དོན་འགྲུབ་ཕུན་ཚོགས། གངས་ལྗོངས་ཀྱི་བདེ་བར་སྲུང་མཁན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2010ལོའི་ཟླ་3པར། དོན་འགྲུབ་ཕུན་ཚོགས་ཀྱིས་རྡོག་ཁྲེས་ཁྱེར་ནས་འཇོལ་རྫོང་གཡག་རྭ་མངག་གཏོང་ཁང་དུ་སླེབས་པ་དང་།  ལོ་10ལྷག་གི་རིང་ཁོང་གིས་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྐྱིད་འགན་ལེན་བྱེད་དེ་བྱ་སྤྱོད་ངོ་མས་མི་དམངས་སྤྱི་བདེ་ཡིས་མི་དམངས་ཀྱི་ཆེད་དུ་ཞེས་པའི་དམ་བཅའ་ལག་ལེན་བསྟར་ཡོད།

        ང་ཚོས་རྣམ་པ་སྣ་མང་བརྒྱུད་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡོད། ཉེན་རྟོག་སྐོར་གཡེང་དང་གྲོང་སྡེར་འགྲོ་བ། མི་རིགས་ཀྱི་སྐད་ཆ་སྤྱད་ནས་མངའ་ཁོངས་ནང་གི་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། ཏང་ཡོན་ཉེན་རྟོག་པས་རང་རྟོགས་ངང་ཐོབ་ཐང་གསལ་སྟོན་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། ཉེན་རྟོག་ལས་དོན་མང་ཚོགས་ཀྱི་སེམས་ནང་ལ་བསྒྲུབ་པ་ཞེས་ཏང་འཛུགས་སྐྱོང་གིས་རུ་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རུ་ཁག་འཛུགས་སྐྱོང་གིས་ལས་དོན་ལ་སྐུལ་འདེད་གཏོང་བ་ནི་དོན་འགྲུབ་ཕུན་ཚོགས་ཀྱི་མངའ་ཁོངས་འཆམ་མཐུན་བརྟན་ལྷིང་ཡོང་ཆེད་འཚོལ་ཞིབ་བྱེད་པའི་ལས་ཀའི་བྱེད་ཐབས་ཡིན།

        སྲ་ཞིང་བརྟན་ལ་སྟོབས་དང་ལྡན་པའི་འཐབ་འཛིང་གི་བཙན་རྫོང་ཞིག་བསྐྲུན་ཆེད། དོན་འགྲུབ་ཕུན་ཚོགས་ཀྱིས་ཏང་དར་དམར་བའི་དད་སེམས་བརྟན་སྲུང་བྱེད་དེ། འཐབ་ས་དང་པོར་བཙན་རྫོང་སྟོབས་ཆེར་གཏོང་བ་དང་འཐབ་ས་དང་པོར་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པ། འཐབ་ས་དང་པོར་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། ནན་གསུམ་དངོས་གསུམ་ཞེས་པའི་ཆེད་དོན་སློབ་གསོ་དང་གཉིས་སྦྱོང་གཅིག་སྒྲུབ་ཞེས་པའི་སློབ་སྦྱོང་སློབ་གསོ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་ངེས་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་སྤེལ་ནས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་ཉེན་རྟོག་པས་དད་སེམས་ཀྱི་རྨང་གཞི་བརྟན་པོར་གཏོང་བ་དང་བསམ་པའི་འཚོ་བཅུད་ཁ་སྐོང་བ།  བསམ་བློའི་ཁ་ཕྱོགས་བརྟན་པོར་བཟུང་བར་སྣེ་ཁྲིད་བྱེད་དེ།  ཏང་རྟགས་དེ་གཞི་རིམ་གྱི་འཐབ་ས་དང་པོར་འོད་ཆེམ་ཆེམ་འཕྲོ་བར་བཅུག་པ་དང་ཏང་དར་གངས་རི་སྟེང་ལྷབ་ལྷུབ་ཏུ་གཡོ་ཏུ་བཅུག

དོན་འགྲུབ་ཕུན་ཚོགས་(གཡས)ཀྱིས་ལས་རོགས་དང་ལས་ཀ་སྤེལ་རེས་བྱས་པ།

        ལོ་ལྟར་གྱི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སླེབས་སྐབས། དོན་འགྲུབ་ཕུན་ཚོགས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5029ཡོད་པའི་གངས་རི་སྟེང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་མི་དམངས་ཉེན་རྟོག་པ་གངས་རིའི་སྟེང་བཅའ་སྡོད་བྱེད་པར་སྒྲིག་འཛུགས་བྱས་ནས་ཉིན་ལྟར་སྐོར་ཞིབ་སྲུང་རིན་བྱེད་དེ་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པ། ལུའོ་རིན་ཞིབ་བཤེར་ས་ཚིགས་ནི་གཡག་རྭ་ཤང་ནས་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་དུ་འགྲོ་སའི་ལམ་གསུམ་མདོ་ཡིན་ལ། ཕྱོགས་བཞིར་གཡང་གཟར་ཡིན་པས་ཆ་རྐྱེན་ཤིན་ཏུ་ཞན་མོད། འོན་ཀྱང་འདི་ན་མི་དམངས་ཉེན་རྟོག་པས་ཆུ་ཚོད་24ལས་རེས་བྱེད་ཡོད།  སྒར་སར་གློག་མེད་པའི་ཉིན་མོར་དོན་འགྲུབ་ཕུན་ཚོགས་ཀྱིས་ཚང་མ་སྒྲིག་འཛུགས་བྱས་ནས་་ཐབ་ཀའི་འགྲམ་དུ་ཏང་གི་སློབ་ཚན་ཁྲིད་པ་དང་བསམ་བློ་གླེང་བ། ཁོང་གིས་ང་ཚོ་འདི་ན་གན་ཚུལ་རྙོག་འཛིང་ཆེ་བ་དང་།  དཀའ་ངལ་དང་འགལ་བ་འདྲེས་པའི་ས་ཆ་ཡིན། ངེས་པར་དུ་རྟ་ཐོག་གི་མངག་གཏོང་ཁང་ཞེས་པའི་དར་ཆ་བསྒྲེངས་ནས་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་དར་སྤེལ་གཏོང་དགོས་ཞེས་ཟེར།

        ཁོང་གིས་ང་ཚོ་ནང་མི་ཡི་ཚུལ་དུ་བཞག་སྟེ་ཕྱོགས་གང་ཅིའི་ཐད་ནས་ང་ཚོར་བསམ་བློ་བཏང་ཡོད་ཞེས། ལོ་10ལྷག་གི་སྔོན་ལ་ངའི་རྐང་པ་གཉིས་རྨས་སྐྱོན་ཕོག་རྗེས་ལས་ཀ་ལྕི་མོ་ལས་མི་ཐུབ་པས་ཆུང་མ་གཅིག་པུ་ལ་བརྟེན་ནས་ཁྱིམ་ཚང་སྐྱོང་དགོས་བྱུང་། དོན་འགྲུབ་ཕུན་ཚོགས་ཀྱིས་གནས་ཚུལ་འདི་ཤེས་རྗེས་དུས་ཐོག་ཏུ་ཞལ་འདེབས་རྩ་འཛུགས་བྱ་ནས་ང་ཚོའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པ་མ་ཟད། ཞིང་ལས་བྲེལ་བའི་དུས་སུ་ད་དུང་མི་དམངས་ཉེན་རྟོག་པ་ཁྲིད་དེ་ཞིང་ནང་དུ་སོང་ནས་ངའི་ཁྱིམ་ལ་ལས་ཀ་ལས་རོགས་བྱས།  དུས་རྒྱུན་དཀའ་ངལ་ཅི་འཕྲད་ནའང་ཁ་པར་གཅིག་རྒྱག་ན་མངག་གཏོང་ཁང་གི་ཉེན་རྟོག་པས་མྱུར་དུ་རོགས་བྱེད་དུ་འོང་ཞེས་གཡག་རྭ་ཤང་རྒྱ་རི་སྒང་གྲོང་པའི་གྲོང་མི་ནོར་བུ་ཡིས་འདི་ལྟར་བཤད།

        སུའི་ཚང་ལ་མི་གྲངས་གསར་དུ་བསྣན་པ་དང་སུའི་ཚང་གིས་ཁང་པ་གསར་པ་བརྒྱབ་པ་སོགས་མང་ཚོགས་ཀྱི་ཁྱིམ་ནང་འགྱུར་ལྡོག་ཕྲ་མོ་བྱུང་ནའང་དོན་འགྲུབ་ཕུན་ཚོགས་ཀྱི་སེམས་ནང་གསལ་པོར་བཞག་ཡོད། གཡག་རྭ་མངག་གཏོང་ཁང་གིས་འཛུམ་མདངས་གཅིག་གིས་མང་ཚོགས་བསུ་བ་དང་ཁྱེད་བདེ་མོས་ཞེས་སྐད་གཅིག་གིས་མང་ཚོགས་ལ་འཚམས་འདྲི་ཞུ། ཇ་དྲོན་མོ་ཕོར་བ་གང་གིས་མང་ཚོགས་ལ་དྲོད་ཁོལ་སྦྱིན། བློ་ཡིད་ཚིམ་པའི་ལན་ཞིག་མང་ཚོགས་ལ་བྱིན་ཞེས་གཅིག་པ་བཞི་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སྒོ་རྩར་བསྐྱོད་པ་དང་རྩོད་གཞི་འདུམ་འགྲིག་མྱུར་དུ་སྒོ་རྩར་བསྐྱོད། བདེ་འཇགས་གྱོད་གཞི་སྒོ་རྩར་བཅར་འདྲི་བྱས། ཁྱིམ་ཐོ་ཐོ་འགོད་སྒོ་རྩར་འཚོལ་བ། རོགས་ཁྲིད་མི་སྣ་རྒྱུན་དུ་སྒོ་རྩར་ཡོང་བ། བརྐུས་དངོས་ཕྱིར་སློག་སྒོ་རྩར་བྱུང་བ། སེམས་ཁྲལ་དང་དཀའ་ངལ་སེལ་བ་མྱུར་དུ་སྒོ་རྩར་སླེབས་པ།  མི་སེར་གྱི་དཀའ་གནད་སྒོ་རྩར་རོགས་རམ་བྱེད་པ་སོགས་སྒོ་རྩར་སླེབས་པའི་ལས་ཀའི་ལམ་ལུགས་བཏོན་ནས་གཞི་རིམ་སྤྱི་ཚོགས་དོ་དམ་གྱི་གཡག་རྭའི་དཔེ་དབྱིབས་ཆགས་འདུག

        གཡག་རྭ་ཤང་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ལ། སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་རྙོག་འཛིང་ཆེ་བ། དོན་འགྲུབ་ཕུན་ཚོགས་ཀྱིས་རྒྱུན་ཆད་མེད་པར་མཉམ་འགོག་མཉམ་བཅོས་ཀྱི་མ་ལག་གསར་པ་འཚོལ་ཞིབ་བྱེད་དེ།  ཏང་ཡོན་དང་ཆ་འཕྲིན་པ། བདེ་སྐྱོང་ཧུར་བརྩོན་ཅན་སོགས་ཀྱི་གྲུབ་པའི་མི་200ལྷག་གི་ཕུ་ཐུང་དམར་པོའི་རྟགས་ཀྱི་དཔུང་ཁག་བཙུགས་ནས་ལངས་གཟུགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་བྱེད་པའི་རྣམ་པ་གསར་པ་ཆགས་ཏེ་མངའ་ཁོངས་ནང་མཉམ་འགོག་མཉམ་བཅོས་ཀྱི་རུ་ཁག་ཁྱབ་པར་མངོན་འགྱུར་བྱུང་ཡོད།

        འཐུས་མིའི་ཚོར་གཏམ།

        གོམ་སྟབས་ཀྱིས་ས་ཆ་ཚུན་རེ་རེ་འཇལ་བ་དང་རྔུལ་ཆུ་ཡིས་ཉེན་རྟགས་གཙང་མར་ཕྱིས་ནས་མི་སེར་གྱི་བདེ་འཇགས་ཚོར་སེམས་དེ་བས་ཆེ་རུ་གཏོང་བ་དང་བློ་ཡིད་ཚིམ་ཚད་དེ་བས་མཐོ་རུ་གཏོང་བ། ཐོབ་པའི་ཚོར་བ་དེ་བས་ཆེ་རུ་གཏོང་བ། འདི་ནི་ངས་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་ལོ་མང་པོར་འགྱུར་བ་མེད་པའི་འཚོལ་སྙེག་ཡིན།  ངས་སེམས་རྣལ་དུ་ཕབ་ཅིང་བརྩེ་སེམས་ལ་བརྟེན་པ་དང་ཤུགས་བཏོན་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དོན་དངོས་སྒྲུབ་རྒྱུ་ཡིན་ལ། མང་ཚོགས་ཀྱི་འཛུམ་མདངས་ཇེ་མང་ནས་ཇེ་མང་དུ་གྱུར་དུ་བཅུག་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།