དབྱར་གྱི་མཛེས་ཉམས་མ་ཡལ་བའི་སྟོན་ཁའི་མེ་ཏོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

图片

        ཟླ་བཅུ་པའི་ཚེས་ལྔ་ཉིན་གྱི་ཞོགས་པར། གསར་འགོད་པ་ཟི་ལིང་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་གླིང་དུ་སྐྱོད་པ་ན། རང་བྱུང་ཁམས་ཆེན་མོའི་མཐུ་རྩལ་ལས་འཁྲུངས་པའི་སྟོན་གྱི་མཛེས་ལྗོངས་གསེར་རིའི་དཔལ་ལ་འགྲན་བཟོད་པ་ཞིག་མིག་གི་དགའ་སྟོན་དུ་མངོན་འོངས་ལ། ཁྱད་པར་དུ་དབྱར་གྱི་མཛེས་པ་མ་ཡལ་བའི་སྟོན་གྱི་མེ་ཏོག་སྙིང་དུ་སྡུག་པ་དག་གིས་ནི་ཡུལ་སྐོར་པ་མང་པོ་བུང་བའི་སྤྲིན་ཚོགས་བཞིན་འདུས་པ་ལ་ཞལ་གྱི་འཛུམ་རྒྱ་གྲོལ་ཞིང་མགོ་ལྕོག་ལྡེམ་པའི་ཚུལ་སྟོན།  དེ་ལྟ་ན་ཡང་། སྟོན་དུས་ཀྱི་རྣམ་པ་ཞིག་གིས་ག་ས་གང་དུ་ཁེངས་འདུག་ཅིང་། རིགས་མི་གཅིག་པའི་ལུག་མིན་མེ་ཏོག་སྣ་ཚོགས་ལྗོན་ཤིང་དང་རི་ཚོགས་ཀྱི་ཁྲོད་དུ་ཁྲ་ལྷམ་མེར་བཞད་ཡོད། ཡུལ་སྐོར་པ་ཚོས་ལག་ཁྱེར་ཁ་པར་ལ་བརྟེན་ནས་པར་ལེན་པ་དང་། ཡང་ན་ཁྱིམ་མི་དང་ལྷན་དུ་རྗེས་དྲན་གྱི་པར་བསྐྱོན་པ་སོགས་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་ཁོ་ཚོར་ཤུགས་རྐྱེན་ཅི་ཡང་ཐེབས་མེད་པར། ཡུལ་སྐོར་པ་ཚོ་སྟོན་མཇུག་གི་ཡུལ་ལྗོངས་འདིས་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་འདུག །  

图片

图片

图片

图片

图片

图片

图片

图片