ཞིང་ལས་འཕྲུལ་ཆས་ཅན་གྱིས་ཞིང་ལས་ལ་རོགས་རམ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-07   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

    སྟོན་དུས་སུ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཆུ་འབྲས་བསྡུ་བའི་དུས་སུ་སླེབས་པ། ཞིང་ལས་དེང་རབས་ཅན་དང་ཞིང་པའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། ཞིང་ཁར་འཕྲུལ་ཆས་གྱིས་བརྔ་བསྡུ་བྱེད་བཞིན་པའི་ཡུལ་ལྗོངས་ཤིག་མངོན་ཡོད།

    འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱེད་སྐབས་ཞིང་ནང་འབྲུ་རྡོག་ཕུད་ཐུབ་པ་དང་ཞིང་པས་འབྲས་ཁྱིམ་དུ་འཁྱེར་ནས་སྐམ་ན་འགྲིག་པ། འཕྲུལ་ཆས་ཅན་གྱིས་བརྔ་བསྡུ་བྱས་པ་དེས་སྟོན་བསྡུའི་སྤུས་ཚད་དེ་བས་མཐོ་བ་དང་ལས་ཕྱོད་ཆེ་བ་དང་དུས་མཚུངས་ཞིང་པའི་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།