རྒྱལ་སྟོན་དུས་ཆེན་རིང་བདེ་ཆེན་གྱིས་རིམས་འགོག་ལས་དོན་དམ་འཛིན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  རྒྱལ་སྟོན་གྱི་གུང་གསེང་རིང་ཡུལ་སྐོར་བ་སྔ་ལས་མང་བས།བདེ་ཆེན་ཁུལ་གྱིས་ནན་པོའི་ངང་རྒྱུན་གཏན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱས་ནས།རྒྱུན་མཐུད་ཀྱིས་རང་ཁུལ་ལ་ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།

    འཇོལ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་གྲལ་བཤེར་དང་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་པ་དང་། ཚད་གཞི་ནན་པོ་དང་གསོག་འཇོག་ལུགས་མཐུན་བྱས་ཏེ་འཁོར་སྐྱོད་ཚད་ལྡན་ཡོང་བ་བྱས་ནས་གཅིག་སྡུད་ལོགས་བཀར་ལྟ་ཞིབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་བ།

    རྒྱལ་ལམ་214ལམ་ཐིག་གསར་རྙིང་སྣོལ་མཚམས་ཀྱི་ཉི་ཤར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་ལས་དོན་མི་སྣས་སེམས་ཀྱི་ཉི་ཟླར་ཡོང་བའི་མི་སྣའི་བདེ་ཐང་ཨང་གྲངས་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྙན་ཞུ་དང་ལམ་ཐིག་ཨང་གྲངས་སོགས་ལ་གོ་རིམ་ལྡན་པའི་ངང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས་པ་དང་བརྒྱུད་རིམ་ཧྲིལ་པོའི་སྒོ་རྒྱག་དོ་དམ་ལ་དམ་འཛིན་ནན་པོ་དང་ཏན་ཏིག་ཞིབ་ཚགས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་མདུན་སོ་ལྟ་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་དུ་བཏང་བ་རེད།