རྒྱལ་ཐང་སྤེལ་སྲུང་དོང་ལུང་པའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྪོང་མཁར་དང་ཐག་མི་རིང་བའི་སྤྱི་ལེ་དྲུག་གི་མཚམས་ན་སྤེལ་སྲུང་དོང་གྲོང་ཚོ་ཞིག་ཡོད་ཅིང་།    བརྗིད་ཉམས་ལྡན་པའི་བོད་ལུགས་ཁང་པ་རེ་རེ་གནས་འདིར་གཡང་དུ་ཆགས་ཡོད་ཅིང་དེའི་འགྲམ་ན་ནས་ཀྱི་སྙེ་མ་བཀལ་བའི་ནས་གདང་རེ་རེ་ལྷག་པར་ཡུལ་འདིའི་རྒྱན་དུ་མཆེད།   གྲོང་ཚོའི་སྟོད་ཀྱི་རི་རྩེ་ཡོངས་ལ་གདོད་མའི་ནགས་ཚལ་གྱིས་བཀང་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་སྔོ་ལྗང་གི་འཇིག་རྟེན་ཞིག་ཆགས་ཡོད་ཅིང་།   ཐང་གི་འབྲོག་རའི་པང་ན་རྟ་ནོར་ལུག་གསུམ་བག་གཡེང་གར་གྱིས་འཚོ་བའི་སྣང་བརྙན་ཨེ་མ་རྨད།   སྤང་ལྗོངས་སྔོན་མོའི་གདན་སྟེང་ན་གཟའ་མཇུག་གི་འཚོ་བ་ལོངས་སུ་སྤྱོད་པའི་ཁྱིམ་མི་འགའ་དགའ་སྤྲོའི་རྩེད་མོར་གཡེང་ཞིང་།  དེ་དང་ཐག་མི་རིང་བའི་ཁུག་གཞོང་ཞིག་ན་ཡུལ་སྐོར་བ་འགའ་རྟ་ལ་ཞོན་ནས་སེམས་ཀྱི་ཉི་ཟླའི་སྟོན་གྱི་རྣམ་པ་དང་དམགས་སྲོལ་རིག་གནས་ཉམས་སུ་མྱོང་བར་བྲེལ་འདུག