གཡང་སྡེ་འབའ་བྲོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    འབའ་བྲོས་གྲོང་ཚོ་ནི་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཤར་ལྷོའི་ངོས་ཀྱི་སྤྱི་ལེ་20ཡི་སར་གནས་པ་དང་ལྷོ་ངོས་ནི་ས་དམ་གྲོང་ཁྱེར་དང་འབྲེལ་ཡོད།གནས་འདིའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཀྱིས་གྲོང་ཚོ་འདི་ལ་སྐྱེ་སྟོབས་ཀྱི་དཔལ་རྣམ་པར་བསྩལ་ཡོད།

    གནས་འདི་རུ་མཐུག་ཅིང་སྟུག་པའི་ཚང་ཚིང་ནགས་ཚལ་དང་།མུ་བསྟར་ཆགས་པའི་རི་རྒྱལ་ལྷུན་པོ་ཡོད་པ་མ་ཟད།གནས་འདི་རུ་ད་དུང་སྟར་ཀ་དང་བིལ་བ།བེ་ཤ་སོགས་རང་བྱུང་ཐོན་ཁུངས་དང་སྐྱེ་དངོས་ཀྱང་འབོལ་པོ་ཡོད་པ་རེད།