ཝ་ལྟེ་མཚོ་ཡི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྟོན་རླུང་ལྷོད་ཀྱིས་ལྡང་བ་ན་གཡུ་ཡི་མེ་ལོང་མཁའ་ནས་ལྷུང་འདྲའི་མཚོ་ངོས་ལ་རླབས་རིས་འཁྱུག་འཁྱུག་བྱེད་ལ།  བརྗིད་ཅིང་རྔམ་པའི་ནགས་རི་དང་རྫ་རིས་སྐོར་བའི་ཕང་བ་ན་ཝ་ལྟེ་མཚོ་དེ་འོད་ལམ་ལམ་གྱིས་འཁྱིལ་ཡོད།  མཚོ་མཐའ་ཡང་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་འཚོ་བཅུད་འཛོམས་པའི་རྩྭ་ཆུ་ལ་རོལ་བཞིན་ཡོད་པས། ལྷིང་འཇགས་ཀྱི་སྟོན་ལྗོངས་འདི་ལ་མཛེས་སྡུག་གསར་བ་ཞིག་བསྣན་ཡོད་པའི་སྣང་བ་ཞིག་དབང་མེད་དུ་སྐྱེས་ཡོང་།

图片图片

图片


图片


图片

    ཝ་ལྟེ་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་ཀྱི་སྐད་ཚགས་ཤང་གཡང་མདོ་ཡུལ་མཚོའི་ཁོངས་གཏོགས་སུ་ཡོད་ལ། ལོ་འདི་དག་རིང་ཡུལ་འདིའི་མཛེས་པ་དྲ་ལམ་ཁག་ཏུ་ཁྱབ་པས་ཆེད་དུ་ཝ་ལྟེ་མཚོའི་མཛེས་ལྗོངས་ལ་བལྟ་རུ་ཡོང་མཁན་ཡང་མང་བོ་ཡོད་པ་རེད། ཐེངས་འདིའི་རྒྱལ་སྟོན་དུས་ཆེན་རིང་ཡང་ཕྱོགས་སོ་སོ་ནས་ཡོང་ཡོད་པའི་ཡུལ་སྐོར་བ་མང་བོ་ཡོད་ལ། ཆེད་དུ་ས་གནས་འདིར་གཉེན་པར་ལེན་དུ་ཡོང་བའི་ཡུལ་སྐོར་བ་ཡང་ཡོད་པ་མཐོང་།

图片


图片


图片


图片

    ལོ་འདི་དག་རིང་བདེ་ཆེན་ཁུལ་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་སྟར་དོན་འཁྱོལ་བྱས་ཤིང་། སྔོ་ལྗང་དག་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པས་ཕན་འབྲས་མངོན་གསལ་ཐོན་ལ། རིག་གནས་ཡུལ་སྐོར་གྱིས་མང་ཚོགས་ལ་ཐོན་འབབ་སྐྲུན་ནས་ཕྱུག་ལམ་དུ་སྐྱོད་པར་རོགས་འདེགས་ཆེན་པོ་བྱས་ཡོད། སེམས་ཀྱི་ཉི་ཟླར་ཝ་ལྟེ་མཚོའི་འདི་ལྟ་བའི་མཛེས་ལྗོངས་ཤིག་གསར་དུ་བསྣན་པ་འདི་ཡང་བདེ་ཆེན་ཁུལ་གྱིས་ལོ་མང་བོར་སྐྱེ་ཁམས་སྲུང་སྐྱོབ་བཙུགས་སུ་བཟུང་ནས་ཐོབ་པའི་འབྲས་བུ་ཞིག་ཡིན་པ་ཐེ་ཚོམ་མེད།