ཨ་པུའུ་ཅིའི་མཛེས་སྡུག་ཡིད་འཕྲོག་གི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཨ་པུའུ་ཅི་མཚོ་ལ་སེམས་ཀྱི་ཉི་ཟླའི་ཆེས་དྭངས་གཙང་གི་ས་ཆ་ཞེས་པའི་མཚན་སྙན་ཡོད། དེ་་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨི་4200ཡས་མས་ཀྱི་རི་ངོས་སུ་གནས་ཡོད།
    སེམས་ཀྱི་ཉི་ཟླའི་གྲོང་ཁུལ་ནས་བཀྲ་ཤིས་བདེ་སྐྱིད་གླིང་དགོན་པའི་གཡོན་ཕྱོགས་སུ་བསྐོར་བ་བརྒྱབ་སྟེ་ཨ་པུའུ་ཅི་མཚོའི་ལམ་ཕྱོགས་སུ་བསྐྱོད་དགོས་པ་རེད། ཨ་པུའུ་ཅི་མཚོའི་མཛེས་ལྗོངས་ལྟ་ན་སྡུག་ཅིང་ལམ་བར་དུ་བོད་སྐྱོད་དགོན་སྡེ་དང་པོ་ཡཱང་ཐང་བདེ་སྐྱིད་གླིང་དགོན་བརྒྱུད་དེ་འགྲོ་དགོས། རླངས་འཁོར་བཏང་ཚེ་རི་དམའ་བའི་འབྲོག་རར་འབྱོར་ཐུབ་པ་དང་འབྲོག་ར་ནས་བཟུང་སྟེ་རྐང་ཐང་དུ་མར་ལམ་ཆུ་ཚོད་3ཙམ་བསྐྱོད་ཚེ་ཨ་པུའུ་ཅི་མཚོར་འབྱོར་ཐུབ།
    ལམ་བར་དུ་ཐག་ཉེ་ས་ནས་ཨ་པུའུ་ཅི་ཉེ་འཁོར་ནི་བརྗིད་ཉམས་དང་གདོད་མའི་ནགས་ཚལ་གྱི་མཛེས་ལྗོངས། ཆུ་ཕྲན་དང་རྦབ་ཆུ་སོགས་མཐོ་སྒང་གི་མཛེས་ལྗོངས་མཐོང་ཐུབ། རྐང་ཐང་དུ་འགྲོ་བའི་ལམ་བར་ཡོངས་ཀྱི་ཡུལ་ལྗོངས་དེ་ཧ་ལས་པའི་ཡག་པོ་ཡོད་ཅེས་བཤད་ཆོག 
    ཨ་པུའུ་ཅི་མཚོར་སླེབས་སྐབས་གངས་རི་གསུམ་གྱིས་བསྐོར་བ་དང་རྒྱང་རིང་ནས་བལྟས་ན་ས་མཐོར་ཕྲ་རྒྱན་བཏབ་པའི་རྡོ་རྗེ་ཕ་ལམ་ལྗང་ཁུ་ཞིག་དང་འདྲ་བ། དེ་སྔའི་སྣོད་བཅུད་ཀྱི་མཛེས་ལྗོངས་དེ་ལངས་གཟུགས་རི་མོ་ལྟར་རྒྱས་ཡོད།