རྒྱལ་སྟོན་གྱི་གུང་གསེང་རིང་རིམས་འགོག་ཐད་ཀྱི་དྲན་སྐུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-01   རྩོམ་ཁུངས།    ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར།

    ཟླ9པའི་ཚེས29ཉིན་གྱི་ཕྱི་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ། དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥེང་གིས།  རྒྱལ་སྟོན་གྱི་གུང་གསེང་འཆར་ལ་ཉེ་བའི་མཚམས་འདིར་མི་སྣ་འཁོར་རྒྱུག་དང་འདུ་འཛོམས་མང་དུ་འགྲོ་བཞིན་ཡོད་པས།  ནད་ཡམས་མཆེད་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས།“ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང་།  “འགུལ་རྣམ་གཙང་སེལ”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ཁག་དགུ་པ་དང་བྱེད་མི་ཆོག་པ་དགུ་ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ།  ཚན་རིག་དང་མཐུན་པའི་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།  ཁྲལ་སེལ་སླ་བཅོས་དང་།  གཅིག་དཔེ་བརྒྱ་འགེབས།  གཅིག་ཐོག་གཉིས་སྤོར་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ།  མི་སྣ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཡོང་བར་ཁྲིད་སྟོན་བྱེད་དགོས།

    ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ།  ཁ་རས་རྒྱག་པ་དང་།  ལག་པ་བཀྲུ་བ།  རླུང་འགྲོ་གཏོང་བ།  འདུ་འཛོམས་ཉུང་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས།  ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་རང་འགུལ་ངང་དོ་ཁུར་དང་བརྩི་སྲུང་ནན་པོ་ཞུ་དགོས།  

    རྒྱལ་ནང་གི་རིམས་ནད་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་རྒྱུས་ལོན་བྱ་འདོད་ན།  ངེད་དྲ་བར་བཀོད་པའི”རྒྱལ་ནང་ཏོག་གསར་གློ་ཚད་རིམས་ནད་དུས་ཐོག་གཞི་གྲངས“ཞེས་པའི་ཆེད་སྒྲིག་ལེ་ཚན་བརྒྱུད་ནས་གཟིགས་ཆོག་ཅིང་།  ཆེད་སྒྲིག་ལེ་ཚན་འདིའི་ནང་དུ་ཉིན་རེའི་གསར་བྱུང་ནད་པ་དང་།  ད་ཡོད་ནད་པ།  བསྡོམས་འབོར་བཅས་ཀྱི་གཞི་གྲངས་བཀོད་ཡོད་པ་མ་ཟད།  རྒྱལ་ནང་གི་ཞིང་ཆེན་སོ་སོའི་གསར་བྱུང་།  ཁྱོན་བསྡོམས། དྲག་སྐྱེད་བྱུང་བ།  ཚེ་འདས་བཅས་ཀྱི་གནས་ཚུལ་ཡང་གསལ་པོ་ཞིག་བཀོད་ཡོད།  གཞན་བོད་ལྗོངས་དང་མཚོ་སྔོན་དང་།  སི་ཁྲོན་དང་།  ཀན་སུའུ་དང་།  ཡུན་ནན་བཅས་བོད་འབྲེལ་ཞིང་ཆེན་དག་ལ་ཆེད་དམིགས་ཀྱིས་རྟགས་ལྗང་ཁུ་བརྒྱབ་ཡོད།

    རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཉིན་རེའི་གྲངས་ཚད་གསར་ཤོས་ལ་གཟིགས་འདོད་ཚེ་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་ཆོག