གཏམ་བཟང་། རླངས་འཁོར་ཉོ་བ་དང་འབྲེལ་བ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-30   རྩོམ་ཁུངས།    四川藏语广播

        ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས། ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་མེད་པར་གཏོང་བའི་སྲིད་ཇུས་རྒྱུན་མཐུད་བྱ་རྒྱུ་རེད།

        གཅིག ཉོ་སྒྲུབ་ཀྱི་དུས་ཚོད་2023ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་མེད་པར་བྱ་རྒྱུ།

        གཉིས། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་མེད་པར་གཏོང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་དེ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་《རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་མེད་པར་གཏོང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་རིགས་ཀྱི་དཀར་ཆག》(གཤམ་དུ《དཀར་ཆག》ཅེས་བསྡུ་རྒྱུ)ལྟར་དོ་དམ་བྱེད་དགོས།《དཀར་ཆག》ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉོ་སྒྲུབ་བྱས་པའི་《དཀར་ཆག》ནང་གི་གློག་སྒུལ་རྐྱང་པའི་རླངས་འཁོར་དང་། གློག་བསྒར་རྣམ་པའི་མཉམ་བསྲེས་སྒུལ་ཤུགས། རླངས་འཁོར་དང་འབར་རྫས་གློག་རྫས་རླངས་འཁོར་བཅས་དཔྱ་ཁྲལ་མེད་པར་གཏོང་བའི་ཆ་རྐྱེན་དང་མཐུན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁོངས་སུ་གཏོགས་པའི་ནང་འགོད་རྒྱུ་རེད།

        གསུམ། ཉོས་པའི་དུས་ཚོད་དེ་འཕྲུལ་སྒུལ་རླངས་འཁོར་གྱི་ཕྱིར་འཚོང་གཅིག་གྱུར་གྱི་འཛིན་ཡིག་གམ་ཡང་ན་འགག་སྒོའི་སྒོ་ཁྲལ་ཆེད་སྤྱོད་དངུལ་འཇལ་ཡི་གེ་སོགས་ནུས་ལྡན་གྱི་འཛིན་ཡིག་བྲིས་པའི་དུས་ཚོད་ལྟར་གཏན་ཁེལ་བྱ་དགོས།

        བཞི། 2022ལོའི་ཟླ་12ཚེས་31ཉིན་གོང་《དཀར་ཆག》ནང་བཀོད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་སྤྱི་བསྒྲགས་འདིར་གཞིགས་ནས་མུ་མཐུད་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་མེད་པར་གཏོང་བའི་སྲིད་ཇུས་སྤྱོད་ཆོག  ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་ཁྲལ་མེད་པར་གཏོང་རྒྱུའི་དོན་དག་གཞན་དག《ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའི་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་མེད་པར་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་སྤྱི་བསྒྲགས》གཞིར་བཟུང་།(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའི་སྤྱི་བསྒྲགས་2020ལོའི་ཡིག་ཨང་21པ)《རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་རྫས་ཉོ་སྒྲུབ་ཀྱི་ལག་རྩལ་བླང་བྱ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས་2021ལོའི་ཡིག་ཨང་13པ)སོགས་ཡིག་ཆའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱ་རྒྱུ་རེད།