རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ལམ་ཁྲལ་བསྡུ་རྒྱུ་མ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-27   རྩོམ་ཁུངས།    གངས་ལྗོངས་འཕྲིན་གསར།

        མི་འགྱངས་པར་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁྲལ་བསྡུ་རྒྱུ་ཡིན་ནམ་ཞེ་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་བརྡ་ཐོ་ལྟར་དུ། ཟླ10བའི་ཚེས1ཉིན་གྱི་ཆུ་ཚོད0ནས་ཟླ10བའི་ཚེས7ཉིན་གྱི་ཆུ་ཚོད24བར་ཏེ་བསྡོམས་པས་ཉིན7གྱི་རིང་ལ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁྲལ་མི་བསྡུ་བར་རིན་མེད་ངང་བསྐྱོད་ཆོག

        དོ་སྣང་བྱ་དགོས་པ་ཞིག་ལ། འདུག་སྟེགས8དང9ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་གོང་གསལ་གྱི་གཏན་འབེབས་ཁྱབ་ཁོངས་ནང་ཚུད་མེད་པས། འདུག་སྟེགས8དང་དེའི་ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་ལམ་ཁྲལ་མི་བསྡུ་བའི་ཁྱབ་ཁོངས་སུ་མི་གཏོགས།