གཟུགས་པོ་ཐང་པོ་དགོས་ན་ཁོང་རྣམ་པའི་གསུང་ལ་ཉོན་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-26   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        རྣམ་ཀུན་ནས་དོ་སྣང་མ་བྱས་ཚེ། ནད་གཞི་ལྕི་པོ་ཕོག་པའི་ཉེན་ཁ་ཡོད།

        གཤམ་ལ་ཚན་ཁག་18ཀྱི་སྨན་པས་གསུངས་པའི་བསླབ་བྱ་ལས་འགའ་ཞིག་ངོ་སྤྲོད་བྱེད་རྒྱུ་ཡིན་པས། ཁྱེད་ཀྱིས་ཐུགས་ལ་འཇོག་རོགས་གནང་། ད་ལྟ་ནས་མ་བྱུང་སྔོན་འགོག་བྱས་ཚེ་ཕྱི་དྲགས་ཀྱི་མ་རེད།

        1.བྱིས་པའི་ཚན་ཁག་གི་སྨན་པས། ཕྲུ་གུ་དམར་འབྱར་གྱི་ཕོ་བའི་འཇུ་ནུས་མི་རྒན་པ་ལྟར་མེད་པས། སྐྱེས་ནས་ཟླ་བ་གསུམ་གི་རིང་ཟ་མ་རྩིང་པོ་སྟེར་མི་ཉན་ཞེས་བརྗོད་ཀྱི་འདུག

        2.རུས་ནད་ཚན་ཁག་གི་སྨན་པས། གདན་འབོལ་པོར་བསྡད་དྲགས་ན་སྒལ་རུས་འདྲོང་པོར་སྡོད་པའི་དུས་ཚོད་ཉུང་དུ་ཕྱིན་ནས་སྐེད་པར་ནད་ཕོག་ཉེན་ཆེ་བས། གདན་འབོལ་པོར་སྡོད་ཡུན་རིང་དྲགས་རྒྱུ་མེད་ཅེས་བརྗོད་ཀྱི་འདུག

        3.དབུགས་ལམ་ཚན་ཁག་གི་སྨན་པས། མཛེས་བཟོ་བྱས་མ་ཐག་པའི་ཁང་པ་ནས་དྲི་ངན་བྲོ་གི་ཡོད། དེས་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་མ་ཟད། གཟུགས་པོར་ཡང་གནོད་འཚེ་ཆེན་པོ་བཟོ་གི་ཡོད། དེར་བརྟེན་མཛེས་བཟོ་བྱས་ནས་དྲི་ངན་བྲོ་བའི་ཁང་པའི་ནང་སྡོད་ཡུན་རིང་དྲགས་རྒྱུ་མེད་ཅེས་བརྗོད་ཀྱི་འདུག

        4.འཕྲོད་སྦྱོར་ཚན་ཁག་གི་སྨན་པས། མགྲོན་ཁང་གི་ཨ་ཅོར་དང་འཁྲུད་གཞོང་ལ་དུག་སེལ་གཙང་མ་བྱས་པ་ཧ་ཅང་དཀོན་པས་ཨ་ཅོར་སོགས་ལ་ནད་འབུ་ཡོད་སྲིད། དེར་བརྟེན་མགྲོན་ཁང་གི་ཨ་ཅོར་དང་འཁྲུད་གཞོང་སྤྱད་ཚེ་ན་ཚ་འགོ་ཉེན་ཆེན་པོ་ཡོད་ཅེས་བརྗོད་ཀྱི་འདུག

        5.འཇུ་བྱེད་ཚན་ཁག་གི་སྨན་པས། ཇ་གང་འཚམ་བཏུངས་ན་གཟུགས་པོར་ཕན་མོད། འོན་ཀྱང་ཇ་གར་པོ་མང་པོ་བཏུངས་ཚེ་ཕོ་སྐྱུར་ལང་བ་མ་ཟད་གཟུགས་པོར་གནོད་འཚེ་ཆེ་བས། ཇ་དང་ཁ་ཧྥེ་གར་པོ་རྟག་ཏུ་འཐུང་རྒྱུ་མེད་ཅེས་བརྗོད་ཀྱི་འདུག

        6.སྨན་སྦྱོར་སྨན་པས། སྨན་ཚང་མའི་སྨན་ནུས་དང་སྨན་རྒྱུ་མི་འདྲ་བས། སྡེབ་གཅིག་ལ་སྨན་མང་པོ་བཏང་ཚེ་སྨན་ནད་ཐེབས་པའི་ཉེན་ཁ་ཆེན་པོ་ཡོད། ལྷག་པར་དུ་ཆམ་པ་ཕོག་དུས་སྨན་སྣ་ཁ་མང་པོ་བཟའ་མི་རུང་ཞེས་བརྗོད་ཀྱི་འདུག

        7.གཅིན་ཟགས(泌尿)ཕྱི་ནད་ཚན་ཁག་གི་སྨན་པས། དེང་གི་གཞོན་ནུ་མང་ཆེ་བ་མཚན་ལྟོ་དང་རྒྱ་ཁོག་ཟ་བར་དགའ་པོ་ཡོད། ཨ་རག་མང་པོ་འཐུང་བ་དང་ཟས་ཁ་ཚ་པོ་མང་པོ་བཟས་ན་ཕོ་རྨེན་ནད(前列腺炎)ཕོག་ཉེན་ཆེ་བས། དེར་བརྟེན་རྟག་ཏུ་མཚན་ལྟོ་དང་རྒྱ་ཁོག་ཟ་རྒྱུ་མེད་ཅེས་བརྗོད་ཀྱི་འདུག

        8.ཀྲུང་ལུགས་གསོ་རིག་སྨན་པས། ལུས་ཁམས་གསོ་བའི་སྨན་གྱི་སྨན་ནུས་དང་སྨན་རྒྱུ་གཅིག་པ་མིན་པས་མི་ཚང་མར་ཕན་པའི་ངེས་པ་མེད། དེར་བརྟེན་ལུས་ཁམས་གསོ་བའི་སྨན་གང་བྱུང་བཟའ་མི་རུང་ཞེས་བརྗོད་ཀྱི་འདུག

        9.ཕོ་མཚེར་ཚན་ཁག་གི་སྨན་པས། ཕོ་བ་དང་མཚེར་པར་ངལ་གསོ་བའི་དུས་ཡོད། དེར་བརྟེན་ལྟོ་དུས་གསུམ་དུས་ཐོག་ཏུ་ཟ་དགོས་ཞེས་བརྗོད་ཀྱི་འདུག