བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྐས་རིམ་གསར་པར་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྤྲོད་པ་གསུམ་དང་ཕན་པ་གཅིག་གི་བླང་བྱ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། རང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར113.63ནས་2021ལོའི་སྒོར་དུང་ཕྱུར293.27བར་འཕར་ནས་ལོ་རེར་ཆ་སྙོམས9.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཨང་དང་པོ་དང་ཞིང་ཆེན་ཡོངས་ཀྱི་ཨང་3པ་ཡིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.15ནས་སྒོར་ཁྲི4.24བར་འཕར་ནས་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཨང་དང་པོ་དང་ཞིང་ཆེན་ཡོངས་ཀྱི་ཨང4པ་ཡིན་པ་རེད།

    ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་དབུལ་ཞིང་ཕོངས་པ། ལོ10ཡི་རིང་རང་ཁུལ་གྱིས་རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར145བཏང་བ་དང་དབུལ་སྐྱོར་རྣམ་གྲངས་ཁྲི1.2ལག་བསྟར་བྱས་པས་ཁུལ་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི7.41ཚང་མ་དབུལ་སྒྲོལ་ཐུབ་པ། དབུལ་པོའི་རྫོང་(གྲོང་ཁྱེར)3ཚང་མའི་དབུལ་ཞྭ་ཕུད་པ་དང་དབུལ་པོའི་གྲོང་ཚོ147ཚང་མ་ཕྱིར་ཐོན་ནས་ཁུལ་ཧྲིལ་པོ་དབུལ་སྒྲོལ་ཐུབ་སྟེ་མི་རིགས་ཁག་གི་མང་ཚོགས་རྒྱལ་ཡོངས་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཡོད།

    འགྲིམ་འགྲུལ་གཙོ་གནད་དུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། 2012ལོ་ནས་བཟུང་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་8689ཟིན་ནས་རྫོང་ཚང་མར་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤང་ཚང་མར་སྣུམ་ཞལ་ལམ་བུ་ཤར་གཏོང་ཐུབ་པ། གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་བགྲོད་ཐུབ་ཡོད། བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་དུས་ཐེངས་བཞི་པའི་བསྐྱར་སྐྲུན་རྒྱས་སྐྲུན་དང་སེམས་ཀྱི་ཉི་ཟླའི་འགག་སྒོ་གནམ་གྲུ་ཐང་འཛུགས་སྐྲུན་ལེགས་གྲུབ་བྱུང་བ། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དེ་བོད་འབྲེལ་ས་ཁུལ་གྱི་ལྷ་ས་གནམ་གྲུ་ཐང་ཕུད་ནས་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཐང་ཆེ་གྲས་གཉིས་པ་ལས་གྱུར་ཡོད།

    ཁྱད་ལྡན་ཐོན་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ལས་དང་པོ་དང་།གཉིས་པ།གསུམ་པ་བཅས་ཀྱི་བསྡུར་ཚད་དེ་2012ལོའི་8∶40.2∶51.8ནས་6.7∶37.7∶55.6ལ་ལེགས་སྒྲིག་བྱས་པ་དང་།རིན་ཐང་འཕར་ཚད་ལོ་རེར་ཆ་སྙོམས་བྱས་ན་6%་དང་།13% 7.9%་བཅས་སོ་སོར་འཕར་ཡོད། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ནས་རིམ་རྩིས་བྱས་ན་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1620མངོན་འགྱུར་བྱུང་བ། རྒྱལ་ནང་དུ་སྐད་གྲགས་ཡོད་པའི་སེམས་ཀྱི་ཉི་ཟླའི་མུ་འབྲེལ་ རྒུན་ཆང་དང་འཁྱགས་ཆང་སོགས་ལྗང་མདོག་བཏུང་བྱ་བཏོན་ཡོད།