ནོར་གནག་མདོ་དབུས་མཐོ་སྒང་དང་འཚམ་པའི་རྒྱུ་རྐྱེན་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-19   རྩོམ་ཁུངས།    གངས་ལྗོངས་འཕྲིན་གསར།

    དབྱང་དབུགས་དཀོན་པའི་མདོ་དབུས་མཐོ་སྒང་དུ་ནོར་གནག་ཅིའི་ཕྱིར་ངལ་དུབ་མེད་པར་རྒྱུག་ཐུབ་པ་ཡིན་ནམ།  ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་སོགས་ཞིབ་འཇུག་ཚོགས་པས་ནོར་གནག་གི་གཞི་རྒྱུའི་གྲུབ་ཆར་དབྱེ་ཞིབ་བྱས་པ་བརྒྱུད། ནོར་གནག་ལ་དམིགས་བསལ་དུ་ཡོད་པའི་གློ་བའི་ནང་ལྤགས་ཕྲ་ཕུང་གི་རིགས་ཚོགས་ཤིག་ཤེས་རྟོགས་བྱུང་བ་བ་དང་། ཕྲ་ཕུང་དེས་ནོར་གནག་དབྱང་དབུགས་མི་འདང་བའི་ཁོར་ཡུག་དང་འཕྲོད་རྒྱུར་འགག་རྩའི་ནུས་པ་ཐོན་ཡོད་པ་རེད། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་དབང་གྲགས་དུས་དེབ《རང་བྱུང·གསར་འགྱུར》ཐོག་སྤེལ་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཚན་རིག་གླིང་ཁུང་མེན་སྲོག་ཆགས་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་གླིང་སློབ་ཆེན་སོགས་ཞིབ་འཇུག་སྒྲིག་གཞི་དང་མཉམ་འབྲེལ་གྱིས། རབས་གཉིས་པ་དང་རབས་གསུམ་པའི་རིམ་འཇལ་ལག་རྩལ་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲོང་དང་ནོར་གནག་གི་སྤུས་ཚད་མཐོ་བའི་ཚོས་གཟུགས་ཆུ་ཚད་ཀྱི་དཔྱད་གཞིའི་གཞི་རྒྱུའི་ཚོགས་པ་བཙུགས་པ་དང་། དེའི་རྗེས་ནོར་གྱི་གཞི་གྲངས་དང་ཟུང་འབྲེལ་བྱས་ནས་དུམ་ཆེན་གྱི་གྲུབ་ཆའི་འགྱུར་ལྡོག་དེ་ནོར་གནག་གི་གཞི་རྒྱུའི་ཚོགས་པའི་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་མ་ལག་གིས་དབྱེ་ཞིབ་བྱས།
    ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར། ནོར་གནག་དང་བ་གླང་གི་གློ་བའི་ནང་ལྤགས་ཕྲ་ཕུང་ཚོགས་ཀྱི་གྲུབ་ཚུལ་འགྱུར་ལྡོག་གི་གཞི་རྒྱུ་མི་འདྲ་བ་མང་ཤོས་ཡིན་པ་དང་། ནོར་གནག་དང་ནོར་གྱི་གཞི་རྒྱུའི་ཚོགས་པའི་ནང་ནས་ཞིབ་འཇུག་མི་སྣས་དེ་གཉིས་བར་ལ་ཁྱད་པར་ཡོད་པའི་གཞི་རྒྱུའི་དུམ་ཚན་ཤེས་རྟོགས་བྱུང་བ་རེད། ཁྱད་པར་འདི་དག་གིས་རྒྱུད་རྒྱུ་ལ་འགྱུར་ལྡོག་བྱུང་བའི་ཁ་ཕྱོགས་བསྟན་པ་ཡིན་པས། སྲོག་ཆགས་ཁོར་ཡུག་ལ་སྔར་ལས་ལྷག་པའི་སྒོ་ནས་གོམས་པར་རོགས་རམ་བྱེད་ཐུབ།
    ནོར་གནག་གི་གློ་བའི་ཕྲ་ཕུང་རྐྱང་བའི་ནང་གི་རྒྱུད་རྒྱུ་མཚོན་པའི་ཆུ་ཚད་ལ་ཞིབ་འཇུག་བྱེད་སྐབས། ཞིབ་འཇུག་མི་སྣས་ཁྲག་རྩའི་ནང་སྐྱི་ཁྲོད་ཀྱི་ཕྲ་ཕུང་གི་རིགས་ཚོགས་གསར་རྐྱང་ཞིག་རྙེད་ཅིང་། དེ་ནི་ནོར་གནག་གི་གློ་བར་ཁྱབ་པའི་ཕྲ་ཕུང་གིས་ནོར་གནག་གི་ཁྲག་རྩ་ལ་སྔར་ལས་མཉེན་གཤིས་ལྡན་པར་འགྱུར་སྲིད་ལ། ནོར་གནག་གི་གློ་བའི་ཕུང་གྲུབ་ནང་དུ་ལྡེམ་ཤུགས་ཅན་གྱི་ཚི་སྣ་ཅུང་མང་པོ་ཡོད་པས། གློ་བའི་སྐུམ་འཐེན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། དེས་ནོར་གནག་མཐོ་སྒང་གྲང་འཁྱགས་དང་དབྱང་དབུགས་ཉུང་བའི་ཁོར་ཡུག་ལ་འཕྲོད་པར་ནུས་པ་གལ་ཆེན་ཐོན་ཡོད།