ཀྲུང་གོ་བོད་ཀྱི་དྲ་བའིAPPདངོས་སུ་ཤར་གཏོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

      ཀྲུང་གོ་བོད་ཀྱི་དྲ་བ་ནི་བོད་ཀྱི་རིག་གནས་དང་།  འཕྲིན་གསར།  ལེགས་རྩོམ།  བཅར་འདྲི།  བོད་བརྙན་ལ་སོགས་བརྒྱུད་སྤེལ་བྱ་སའི་གཞུང་གཉེར་སྟེགས་བུ་ཆེ་གྲས་ཤིག་དང་།  རྒྱལ་ཡོངས་སུ“རྒྱལ་ཁབ་ཀྱི་མིང”བཀོད་པའི་བོད་རིགས་ཀྱི་སྣ་འཛོམས་དྲ་རྒྱ་གཅིག་པུ་ཡིན་པར་མ་ཟད།   དུས་དང་རྣམ་པ་ཀུན་ཏུ་བོད་མིའི་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱེད་བཞིན་པའི་སྟེགས་བུ་ཞིག་ཀྱང་ཡིན།  སྨྱན་སྦྱོར་ལས་རིགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ནས།  སྲོལ་རྒྱུན་སྨྱན་སྦྱོར་དེ་སྨྱན་སྦྱོར་གསར་པའི་ལམ་དུ་མི་བསྐྱོད་ཐུ་མེད་བྱུང་བའི་གནས་བབ་འོག དུས་རབས་ཀྱི་འཕེལ་རྒྱས་དང་སྨྱན་སྦྱོར་གསར་པའི་ཁྱབ་གདལ་གྱི་དགོས་མཁོ་བསྐང་ཕྱིར།  ཀྲུང་གོ་བོད་ཀྱི་དྲ་བས་ཆ་འཕྲིན་གྱི་རིག་པ་རྩལ་དུ་སྤྲུགས་ཏེ།  བོད་འབྲེལ་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཀྱི་གོམ་རྗེས་མི་གཏོང་བ་དང་།ཆ་འཕྲིན་ཀུན་གྱི་སྣེ་འདྲེན་པའི་བོད་ཀྱི་ཆེས་ཐོག་མའིAPPསྟེ།  ད་ལྟ“དུས་ཀྱི་ལམ་པ”ཞེས་མིང་གསར་དུ་བཏགས་ཤིང་ལེགས་བཅོས་བྱས་པའི་ཀྲུང་གོ་བོད་ཀྱི་དྲ་བའི་སྣ་འཛོམས་སྟེགས་བུ་ཞིག   གངས་རིའི་ཕང་བར་གསར་དུ་འཁྲུངས་ནས།ཁྱེད་ཅག་ལ་ལག་འཁྱེར་ཁ་པར་ངོས་སུ་འགྲོས་མྱུར་ཞིང་གློག་གི་འཁྱུག་རྩལ་དང་བསྟུན་ནས་ཕྱིའི་འཇིག་རྟེན་གྱི་ཡོ་ལང་ལ་ཅི་དགར་རོལ་ཆོག་པའི་སྟེགས་བུ་ཞིག་སྐྲུན་ཡོད་པས།སྟེགས་བུ་འདིར་ཆབ་སྲིད་ཀྱི་དགོངས་དོན་དང་མཐུན་ཞིང་དུས་རབས་ཀྱི་བརྗོད་གཞི་དང་འཚམ་པ།  ཡར་ཐོན་ཡར་སྐུལ་དང་དྲང་ཕྱོགས་ཀྱི་ནུས་པ་ལྡན་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་དང་ས་གནས་རང་བཞིན་གྱི་ཆེད་དོན་གལ་ཆེན་སྒྲོག་སྤེལ་བྱེད་པ་དང་ཆབས་ཅིག  བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱིས་ཕྱུག་པའི་ལྗགས་རྩོམ་སྤུས་དག་ཀྱང་སྤེལ་རྒྱུ་ཡིན་པ་ལ།  ཀུན་གྱིས་དོ་སྣང་བྱོས་དང་།   སྟེགས་བུ་འདི་ནི་མ་འོངས་པར་ཁྱེད་ཀྱི་ཐོས་བསམ་ལ་རོགས་དན་ཐུབ་པའི་བློས་ཐུབ་ཀྱི་གྲོགས་པོར་འགྱུར་ངེས་སོ།།