​ཐུད་ཀྱིས་བཟོས་པའི་ཞོར་ཟས་སྣ་ཚོགས།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2022-09-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སྤྱིར་མདོ་དབུས་མཐོ་སྒང་དུ་གནས་པའི་བོད་པ་ནི་མི་རབས་ནས་མི་རབས་བར་ཤ་མར་ཐུད་གསུམ་དང་ཁ་འབྲལ་ཐབས་མེད་པ་དང་། ས་ཡི་དགེ་བཅུ་འཛོམས་པའི་གཡང་ལྡན་ཕྱུག་མོ་བདེ་ཆེན་ཡང་བོད་འབྲེལ་ས་ཁུལ་གཞན་དང་འདྲ་བར། གནས་འདིའི་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་ཤ་མར་ཐུད་གསུམ་དང་ཁ་འབྲལ་ཐབས་མེད།


མར་ཁུ།

       གནས་འདིའི་ཡུལ་མི་རྣམས་ཀྱིས་རང་གི་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་ཟས་རིགས་སྣ་ཚོགས་བཟོ་ཤེས། ལྷག་པར་དུ་བདེ་ཆེན་ས་ཁུལ་དུ་ཐུད་ལས་བཟོས་པའི་ཞོར་ཟས་སྣ་ཚོགས་ཤིག་ཡོད་དེ། དཔེར་ན་ཐུད་ཀྱིས་བཟོས་པའི་མར་ཁུ་དང་། ཐུད་ཀྱིས་བཟོས་པའི་ཀ་ར་ཀོ་རེ། ཐུད་ཚོད། ཐུད་ཀྱིས་བཟོས་པའི་ཕི་ས། ཐུད་དང་ཆང་འབྲས་ཀྱིས་བཟོས་པའི་སྒོར་དབྱིངས་ཅན་གྱི་ཐུད་སྒང་། སྒོ་ངའི་བཏུམ་པའི་ཐུད་རྫས་སོགས་ཤེས་རབ་དང་ལག་རྩལ་ལས་བྱུང་བའི་ཟས་རིགས་སྣ་ཚོགས་ཡོད་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། བདེ་ཆེན་གྱི་ཡུལ་མི་རྣམས་ཀྱིས་དྲ་ཐོག་ནས་བག་ལེབ་བཟོ་ཆས་སྣ་ཚོགས་ཉོས་ནས། ཐུད་དང་འོ་སྐམ། ཀ་ར་སོགས་བསྲེས་ནས་དབྱིབས་སྣ་མང་སྣ་ཚོགས་ཀྱི་ཐུད་སྐམ་བཟོ་བ་རེད།


ཐུད་སྐམ།

     ཐུད་ཀྱིས་བཟོས་པའི་ཟས་རིགས་འདི་དག་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ཟས་མཆོག་ཡིན་པ་མ་ཟད། བཀྲ་ཤིས་དགའ་སྟོན་གྱི་དུས་ཆེན་སོགས་སུའང་ཞོར་ཟས་འདི་དག་ནི་མེད་དུ་མི་རུང་བ་ཞིག་ཡིན་ནོ། །


ཐུད་ལྒང་།



ཐུད་ཀྱིས་བཟོས་པའི་ཕི་ས།

ཐུད།