བཤགས་པའི་གཏམ་དཔེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-13   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མི་ཕོ་དངངས་ལངས་མགོ་ན་ཞྭ་མེད། །

རྟ་ཕོ་དངངས་རྒྱུག་མགོ་ན་སྲབ་མེད། །


སེམས་ན་སྡུག་ཞིག་ཡོད་ན། །

ངོ་ན་རྡུལ་ཞིག་ཡོད་ན། །


དགེ་ལབ་ཙེ་བརྩིགས་བརྩིགས་བྱེད། །

མནོལ་དཔལ་བསང་བདུགས་བདུགས་བྱེད། །

བཤགས་པ་རྟ་བྱེད། །

བཅོས་པ་གོས་བྱེད། །


སྟོད་ཁིས་ཆེན་ལབ་ཙེ་མདའ་ཡིས་བསྟོད། །

མདའ་མེད་ན་སྨུག་པོ་སྒྲོ་ཡིས་བསྟོད། །


གོས་དཀར་པོ་གྲིབ་ཀྱིས་མ་ཟིན་པ་ཞིག་འབུལ། །

རྟ་ར་ར་ཇག་པས་མ་དེད་པ་ཞིག་འབུལ། །


རི་རབ་འདྲ་ཞིག་བརྩིག་དགོས། །

རྒྱ་མཚོ་འདྲ་ཞིག་བསྐྱིལ་དགོས། །

ཐུགས་ཐོད་པ་གཉིས་ཀ་དགྱེས་དགོས། །

སེམས་བསམ་པ་གཉིས་ཀ་ཟིན་དགོས། །


མགོ་གཅག་རྒྱུ་ཟེར་ན་ཞྭ་འཕུད། །

རྐང་གཅག་རྒྱུ་ཟེར་ན་ལྷམ་འཕུད། །


ཐག་རིང་རྣ་བས་གོ་ནི་ཞིག །

ཐག་ཉེ་མིག་གིས་རིག་ནི་ཞིག །


ཞུ་ཞུ་བ་ཞིག་ཁ་ན་ཡོད་ན། །

མ་ཞུ་བ་ཞིག་གཏིང་ན་ཡོད་ན། །


《མདོ་སྨད་ཀྱི་གཏམ་དཔེ་དོན་ལྡན་ཕྱོགས་གཅིག་ཏུ་དྲིལ་བ 》ལས་བཏུས།