དྲ་ཐོག་ནས་ཉོས་པའི་དངོས་པོར་ཆག་སྐྱོན་བྱུང་ན་སུས་འགན་འཁུར་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-07   རྩོམ་ཁུངས།    མི་དམངས་དྲ་བ།

        གྱོད་གཞི། 

        ཞའོ་ལུའུ་ཡིས་དྲ་ཐོག་ནས་ཐང་ཕྱགས་འཕྲུལ་མི་ཞིག་ཉོས། འཕྲུལ་ཆས་དེ་སྐྱེལ་འདྲེན་བྱེད་མཁན་མྱུར་སྐྱེལ་ཀུང་སིའི་ཟོག་འདྲེན་རླངས་འཁོར་མྱུར་བགྲོད་གཞུང་ལམ་ཐོག་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་དངོས་པོར་ཆག་སྐྱོན་བྱུང་ཡོད། དེ་ན་དྲ་ཐོག་ནས་ཉོས་པའི་དངོས་པོ་ལམ་བར་དུ་ཆག་སྐྱོན་བྱུང་ན། འགན་འཁྲི་སུ་ཡིས་འཁུར་དགོས་སམ།  

        གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད། 

        མྱུར་སྐྱེལ་ཀུང་སིས་འགན་འཁུར་དགོས། དམངས་དོན་ཁྲིམས་གཞུང་དོན་ཚན་བརྒྱད་བརྒྱ་དང་བཅུ་གཅིག་པའི་ནང་གཏན་འབེབས་བྱས་དོན། སྐྱེལ་འགན་ལེན་མིས་གྲོས་དན་དུས་བཀག་གམ་ལུགས་མཐུན་གྱི་དུས་བཀག་ནང་དུ་འགྲུལ་པ་དང་དངོས་ཟོག་བདེ་འཇགས་ངང་གྲོས་དན་བྱས་པའི་ས་གནས་སུ་སྐྱེལ་འདྲེན་བྱེད་དགོས།  དམངས་དོན་ཁྲིམས་གཞུང་དོན་ཚན་བརྒྱད་བརྒྱ་དང་སོ་གཉིས་པའི་ནང་གཏན་འབེབས་བྱས་དོན། སྐྱེལ་འགན་ལེན་མིས་སྐྱེལ་འདྲེན་བྱེད་རིམ་ནང་དུ་དངོས་ཟོག་ཆག་སྐྱོན་བྱུང་བ་དང་མེད་བརླག་ཏུ་སོང་བ་ནི་འགོག་ཐབས་བྲལ་བའི་ཤུགས་རྐྱེན་དང་། དངོས་ཟོག་རང་སྟེང་གི་རང་བྱུང་ངོ་བོའམ་ལུགས་མཐུན་གྱི་འཛད་གྲོན། དེ་བཞིན་བཅོལ་སྐྱེལ་བྱེད་མི་དང་རྩིས་ལེན་བྱེད་མིའི་འགན་འཛོལ་སོགས་ཀྱིས་བཟོས་པ་ཡིན་པར་སྐྱེལ་འགན་ལེན་མིས་བདེན་དཔང་བྱས་པ་ཡིན་ན། གུན་གསབ་འགན་འཁྲི་འཁུར་མི་དགོས།