རང་བྱུང་གི་མཛེས་སྡུག་མ་ལུས་གཞི་གཅིག་ལ་འཛོམ་པའི་འབའ་ལྷ་དཀར་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླའི་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་ཉམས་སུ་མྱོང་བ་ལ།འབའ་ལྷ་དཀར་རྫོང་ནི་མ་གླེང་ཐབས་མེད་ཀྱི་བརྗོད་བྱ་ཞིག་ཡིན།  ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཡུལ་གྲུ་འདི་ན་མ་བཅོས་ལྷུན་པའི་བྲག་རིའི་མཆོད་རྟེན་དང་།  གྲོག་རོང་ཆེན་མོ།   གདོད་མའི་ནགས་ཚལ།   མཐོ་སྒང་གི་མཚེའུ་ལ་སོགས་པའི་རང་བྱུང་གི་རྒྱན་ཆ་གཅིག་ཏུ་འདུས་ཡོད།   

      ཀུན་གྱིས་སེམས་ཀྱི་ཉི་ཟླར་མི་ཡུལ་གྱི་དག་ཞིང་དུ་བསྔགས་པ་ལགས་ན།འབའ་ལྷ་དཀར་རྫོང་ནི་དེའི་ནང་གི་སུམ་རྩེན་གནས་དང་མཚུངས་པའི་ཡུལ་ཁྱད་པར་བ་ཞིག་ཡིན།    དེའང་འབའ་ལྷ་དཀར་རྫོང་ལྗོངས་ཁུལ་འདི་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉི་ཤར་ཤང་གི་མངའ་ཁོངས་སུ་ཆགས་ཡོད་པ་དང་།    གངས་རིའི་མུ་ཁྱུད་དང་གནའ་བོའི་གྲོང་ཚོ།    ཁོད་ཡངས་པའི་ཕྱུགས་ར།  མཐོ་ལ་གཟར་བའི་རྫ་རི་སོགས་རང་བྱུང་ངོ་མཚར་གྱི་བཀོད་པ་གཅིག་ཏུ་འདུས་པས་ཕྱི་ནང་ཀུན་དུ་སྙན་པའི་གྲགས་པ་རྒྱས་ཡོད།  དེང་སྐབས་ཡུལ་འདི་ནི་སེམས་ཀྱི་ཉི་ཟླའི་རིག་གནས་སྣ་འཛོམས་འདུས་པའི་ལྗོངས་ཁུལ་ཞིག་ཏུ་གྲུབ་ཡོད།  

   འབའ་ལྷ་དཀར་རྫོང་གི་བྲག་རིའི་མཆོད་རྟེན་གྱི་མདུན་ནས་ཁྱོད་ཀྱིས་སེམས་པ་ལྷོད་ལ་བབས་ཏེ་མཐོ་སྒང་གི་ཉི་རྩེ་དང་ཉི་ནུབ་ལ་ལྟད་མོ་ཐེངས་ཤིག་བལྟས་ཆོག ཁྱོད་ཀྱིས་གནའ་བོའི་གྲོང་ཚོ་འདི་ནས་ན་གཞོན་བུ་མོ་ཚོའི་ངོ་གདོང་གི་བྱུ་རུ་དམར་ཆུང་ལ་བལྟ་བཞིན་སྙན་ལྷང་ལྷང་གི་གཞས་ཆུང་ལའང་གསན་ཆོག  ཡང་ན་གྲོག་རོང་ཆེན་མོའི་ཤེལ་གྱི་བགྲོད་ལམ་ནས་རྒྱང་རིང་གི་མཛེས་ལྗོངས་ལ་ཞིབ་བལྟ་ཐེངས་ཤིག་བྱས་ཆོག་ལ།  གཙང་ཚབ་སྔོན་མོའི་གཞུང་ནས་གྲུ་ལ་བསྡད་དེ་སྤྲོ་སྣང་དང་ངར་སེམས་གཉིས་ལྡན་གྱི་འགྲུལ་བཞུད་ཐེངས་ཤིག་རོལ་མྱོང་བྱས་ཆོག  

   ངོ་མཚར་བའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་རྨང་མཐུག་པའི་རིག་གནས་ལས་གཞན།  འདི་ན་སེམས་ཀྱི་ཉི་ཟླའི་ལྗོངས་ཁུལ་ལས་སྐར་མ་ལྔ་རིམ་པའི་ཆེས་ཆེ་བའི་མགྲོན་ཁང་གི་ཚོགས་དུ་མ་ཞིག་བསྐྲུན་ཡོད་ཅིང་།   བསྡོམས་འདུག་ས་གྱན760དང་མལ་ཁྲི་1200ལྷག་བཟོས་ཡོད། དེ་ལས་གཞན།  ལྗོངས་ཁུལ་འདིར་ཚོགས་ཁང་དང་གསོལ་ཚིགས་ཁང་། འཁྲབ་སྟོན་ལྟེ་གནས། ཇ་ཁང་དང་ཆང་ཁང་།  འགྲེམས་སྟོན་ཁང་ལ་སོགས་པའི་འདུ་ར་ཡང་ཆ་ཚང་བཀོད་སྒྲིག་བྱས་ཡོད། དེར་མ་ཟད་མཚན་མོའི་མེ་ཕུང་སྤྲོ་ཚོགས་ཐོག་སྐོར་བྲོའི་སྒྱུ་རྩལ་ཡང་གྲ་སྒྲིག་བྱས་ཡོད་པས་སྐུ་ཉིད་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་ལྟད་མོ་ལོངས་སུ་སྤྱད་ཆོག