ཡང་ཐང་གྲོང་བརྡལ་ན་སིལ་ཏོག་འབྲི་ཏའི་(蓝莓)སྐྱེད་ཚལ་ཆེན་པོ་ཞིག་ཡོད།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ཡང་ཐང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་རྡལ་ཞིག་གི་མིང་ཡིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཡང་ཐང་གྲོང་རྡལ་གྱི་ཕྱོགས་སུ་སྤྱི་ལེ20ལྷག་བསྐྱོད་པ་ན།    ཡང་ཐང་ཡུལ་གྱི་ནགས་རི་དང་།   བརྗིད་ཉམས་ལྡན་པའི་བོད་ཁང་།    ནས་ཞིང་གྲུ་བཞི་དང་ནས་རྡེང་སོགས་མིག་ལམ་དུ་མངོན་ཡོང་ཞིང་།   ཉམས་དགའ་བའི་ཡུལ་ལྗོངས་རེ་རེས་ཡིད་སེམས་རྨང་ནས་འགུགས་པའི་བདེ་སྣང་ཞིག་སྦྱིན་ཡོང་།     ནགས་རིས་བརྒྱན་པའི་མཐའ་ན་བསིལ་རླུང་འཇམ་པོའི་རྒྱུ་ཕྱོགས་དང་བསྟུན་ནས་སྨིན་ལ་ཉེ་བའི་ནས་འབྲུའི་མགོ་ལྕོག་གར་དུ་རྩེན་ཞིང་།   ཕྱོགས་དང་ཕྱོགས་ན་རྟ་ནོར་ལུག་གསུམ་ཐང་མ་བརྡལ་དང་མཚུངས།   དེའི་ཉེ་འགྲམ་གྱི་ཐང་ཡངས་པོར་མུའུ་བརྒྱ་ལྷག་གི་སིལ་ཏོག་འབྲི་ཏའི་སྡོང་ཕུང་བཙུགས་པའི་སྐྱེད་ཚལ་ཆེན་པོ་ཞིག་ཡོད་པ་ལ།   ད་ནི་སིལ་ཏོག་སྨིན་པའི་དུས་ལ་འཁེལ་བས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མི་དང་སློབ་མ།  ཕྱོགས་གཞན་ནས་ཕེབས་པའི་ཡུལ་སྐོར་བ་སོགས་གནས་དེར་འཛོམས་ཏེ་ཕྱོགས་གཅིག་ནས་ཞིམ་པའི་སིལ་ཏོག་ཟ་ཞོར་ཉེ་འཁོར་གྱི་ཡུལ་ལྗོངས་ལ་ལྟད་མོ་བལྟ་ཆོག་པ་དང་།    ཡང་དེའི་ཞོར་ལ་སྐྱེད་ཚལ་དེ་ནས་ངལ་གསོས་ཏེ་སྲེག་ཟས་ཟ་བ་སོགས་གླིང་གའང་བཏང་ཆོག་པས་འདི་ནི་གཟའ་མཇུག་གི་དུས་ཚོད་ནང་ཁྱིམ་བདག་དང་སློབ་མ་ཚོ་ཆེས་འགྲོ་དགའ་བའི་གནས་སྐྱིད་པོ་ཞིག་ཏུ་ཆགས་ཡོད་པ་རེད།