ཆུ་ལོག་རྒྱུག་སྐབས་ཀྱི་འགོག་ཟོན་རང་སྐྱོབ་བྱ་ཐབས།

རྩོམ་པ་པོ།   མཚོ་སྔོན་བོད་ཡིག་གསར་འགྱུར།  ཡིག་བསྒྱུར།       དུས་ཚོད།   2022-08-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཆུ་རྒྱས་པའི་དུས་སུ་ཆུ་ལོག་འདམ་རྡོ་ལ་སོགས་བྱུང་ན་འགོག་ཟོན་རང་སྐྱོབ་ཇི་ལྟར་བྱ་དགོས།       གཅིག  ཆུ་ལོག་རྒྱུག་སྐབས་སུ། རང་ཉིད་ཡོད་ས་དེར་རི་ཉིལ་མེད་ན། གནོད་འཚེ་འབྱུང་བའི་གནས་ཚུལ་ཞིབ་ཕྲ་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་དང་ལས་ཁུངས་ལ་མགྱོགས་མྱུར་སྙན་སེང་ཞུ་དགོས། དེ་དང་ཆབས་ཅིག་ཏུ། རང་ཉིད་ཀྱི་བདེ་འཇགས་འགོག་སྲུང་ཡག་པོ་བྱ་དགོས་པ་ལས། གཅིག་པུ་རང་ནས་ཉེན་སྐྱོབ་གནོད་སེལ་གྱི་བྱ་བ་བསྒྲུབ་མི་རུང་།   

       གཉིས། འདམ་རྡོའི་ཆུ་ལོག་རྒྱུག་སྐབས། གལ་ཏེ་རི་ཁུག་ཏུ་སྐད་སྒྲའམ་ཉེན་བརྡ་གཏོང་བ་ཐོས་ཚེ། ཁང་པའི་ནང་ནས་འདུག་མི་རུང་ལ་ངེས་པར་དུ་ཡངས་ས་དང་མཐོ་སར་བྲོས་ནས་ས་ཆུས་འཁྱེར་པར་སྔོན་འགོག་བྱ་དགོས།           

 གསུམ།  རླངས་འཁོར་བསྐོར་ནས་འདམ་རྡོའི་ཆུ་ལོག་རྒྱུག་རྗེས་ཀྱི་ས་ཁུལ་དུ་བསྐྱོད་སྐབས། ཟགས་རྡོ་དང་སྡོང་བའི་ཡལ་ག་སོགས་ལ་དོ་སྣང་བྱ་དགོས་པ་མ་ཟད། མདུན་ཕྱོགས་ཀྱི་འགྲོ་ལམ་དུ་རི་ཉིལ་བ་དང་གྲོག་རོང་སོགས་ཡོད་མེད་ལ་ལྟ་ཞིབ་གསལ་པོ་བྱེད་དགོས། རི་ཉིལ་བའི་ས་ཁུལ་དུ་སླར་ཡང་རི་ཉིལ་བའི་ཉེན་ཁ་ཐོན་སྲིད་པས་བདེ་འཇགས་ལ་འགན་ལེན་བྱེད་མི་ཐུབ་པའི་གནས་ཚུལ་འོག་རླངས་འཁོར་བསྐོར་མི་རུང་།