​སེམས་ཀྱི་ཉི་ཟླར་ནས་འབྲུའི་ལོ་ལེགས་སྨིན་བྱུང་།

རྩོམ་པ་པོ།   ཚེ་རིང་ལྷ་མོ།  ཡིག་བསྒྱུར།       དུས་ཚོད།   2022-08-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

     ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ཚོ་མགོ་གྲོང་མིས་ནས་བརྔ་བཞིན་པའི་སྒང་ཡིན་པ་དང་། རྣང་ཞིང་གྲུ་བཞིའི་ནང་དུ་ལོ་ལེགས་བྱུང་བའི་དགའ་སྤྲོའི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་ཡོད། དེའང་ཉེ་བའི་ལོ་ཤས་རིང་ལ་བདེ་ཆེན་ཁུལ་གྱིས་མུ་མཐུད་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་སྤུས་རྟགས་བཏོད་དེ་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་པས་སྲོལ་རྒྱུན་གྱི་ནས་ཀྱི་སྐྱེ་དངོས་འདེབས་འཛུགས་ཐོན་ལས་ཅན་དུ་འཕེལ་རྒྱས་ཕྱིན་ནས་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད།