བརྙན་ལམ་ནས་ཁ་རས་རྒྱག་པའི་དགོས་ངེས་རང་བཞིན་གསལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་ལམ། རང་རྒྱལ་གྱི་ས་ཆ་མང་པོར་བསྟུད་མར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འབྱུང་ཡོད་པ་དང་། རྒྱུན་རྣམས་ཅན་ཀྱི་རིམས་ནད་འགོག་སྲུང་བྱེད་པ་དེ་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད།  དེ་ཡང་མི་སྒེར་གྱི་རིམས་ནད་འགོག་སྲུང་བྱེད་པའི་བྱ་ཐབས་ཁྲོད་ཁ་རས་རྒྱག་པ་ནི་དགོས་གལ་ཤིན་ཏུ་ཆེ།

        གལ་ཏེ་ས་ཆ་ག་གེ་མོ་ཞིག་ཏུ་ཁྱོད་ཀྱིས་ཁ་རས་རྒྱག་མེད་པ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་ཡོད་པའི་ནད་པ་ཞིག་གིས་ཀྱང་ཁ་རས་རྒྱག་མེད་ན།  ཁྱོད་ལ་རིམས་ནད་འདི་འགོས་ཚད་90%ཡིན་པ་དང་།  གལ་ཏེ་ཁྱོད་ཀྱིས་ཁ་རས་རྒྱག་ཡོད་པ་དང་རིམས་ནད་ཕོག་ཡོད་པའི་ནད་པས་ཁ་རས་རྒྱག་མེད་ན།  ཁྱོད་ལ་རིམས་ནད་འགོས་ཚད་30%ཡོད།  གལ་ཏེ་ཁྱོད་ཀྱིས་ཁ་རས་རྒྱག་མེད་པ་དང་རིམས་ནད་ཕོག་ཡོད་པའི་ནད་པས་ཁ་རས་རྒྱག་ཡོད་ན།  ཁྱོད་ལ་རིམས་ནད་འགོས་ཚད་5%ཡོད།  གལ་ཏེ་ཁྱོད་ཀྱིས་ཁ་རས་རྒྱག་ཡོད་པ་དང་རིམས་ནད་ཕོག་ཡོད་པའི་ནད་པ་ཡིས་ཀྱང་ཁ་རས་རྒྱག་ཡོད་ན།  ཁྱོད་ལ་རིམས་ནད་འགོས་ཚད་1.5%ལས་མེད།  གལ་ཏེ་ཁྱོད་ཀྱིས་ཁ་རས་རྒྱག་ཡོད་པ་དང་རིམས་ནད་ཕོག་ཡོད་པའི་ནད་པས་ཀྱང་ཁ་རས་རྒྱག་ཡོད་པ་མ་ཟད།  གཉིས་ཀའི་བར་ཐག་སྨི་1.8ཡན་འཇོག་ཡོད་ན་ཁྱོད་ལ་རིམས་ནད་འགོས་ཚད་0རེད།