རིམས་འགོག་སྐོར་གྱི་ཁྲིམས་ལུགས་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-25   རྩོམ་ཁུངས།    རྔ་སྒྲ།

        གཅིག རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད།

        违反疫情防控管控社会管理秩序行为

        01      སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་པ་དང་སྡེ་ཁུལ། སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ར། མགྲོན་ཁང་སོགས་སྤྱི་པའི་འདུ་གནས་སུ་འགྲོ་འོང་བྱེད་སྐབས། དོ་དམ་པས་ཁ་རས་དཀྲིས་དགོས་ཞེས་པའི་ཁ་ཏ་སློབ་སྟོན་ལ་མ་ཉན་པ་ནི༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས༽(གཤམ་དུ་བསྡུས་མིང་ལ《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་སྐོར་གྱི་བཅའ་ཁྲིམས་》ཞེས་འབོད)ཀྱི་དོན་ཚན་ཉེར་གསུམ་པར་འགལ་ཏེ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

        乘坐公共交通工具,出入小区、超市、菜市场、酒店等公共场所,拒不配合管理人员的劝导佩戴口罩的涉嫌违反《中华人民共和国治安管理处罚法》(以下简称《治安管理处罚法》)第二十三条,处警告或者200元以下罚款;情节较重的,处以5日以上10日以下拘留,可以并处500元以下罚款。

        ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས༽(གཤམ་དུ་བསྡུས་མིང་ལ༼ཉེས་ཁྲིམས༽ཞེས་བརྗོད)ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་བས་རིམས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་གྲུབ་ཡོད།

        引起新型冠状病毒传播或者有传播严重危险的,可能涉嫌违反《中华人民共和国刑法》(以下简称《刑法》)第三百三十条,构成妨害传染病防治罪。

        02   སྡེ་ཁུལ་དང་སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ར། མགྲོན་ཁང་སོགས་འབྲེལ་ཡོད་ས་ཆར་སྐྱོད་སྐབས་བདེ་ཐང་ཆ་འཕྲིན་ཞིབ་དཔྱད་མི་བྱེད་པ་དང་། ཐོབ་ཐང་ཐོ་འགོད་གཏན་འཁེལ་དང་ལེན་མི་བྱེད་པའི་རིགས་ལ༼བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་དང་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་བས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་གྲུབ་སྲིད།

        出入小区、超市、菜市场、酒店等有关场所,拒不配合健康信息核查,拒绝配合身份登记规定的涉嫌违反《治安管理处罚法》第五十条,处警告或者200元以下罚款;情节严重的,处5日以上10日以下拘留,可以并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

        03      བཀག་སྡོམ་ཚོད་འཛིན་བྱས་པའི་སྡེ་ཁུལ་གྱི་གྲོང་མིས་བཀག་སྡོམ་ཚོད་འཛིན་དོ་དམ་ལ་གཞོགས་འདེགས་མི་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་འབྲེལ་ཡོད་གཏན་འཁེལ་ལས་འགལ་ཏེ་རང་དགར་ཕྱིར་བསྐྱོད་པ་ཡིན་ན༼བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ།༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད། ནད་དུག་ཕོག་མཁན་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་ཏོག་གསར་ནད་དུག་མཆེད་པའི་རིགས་ནི༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་སྟེ་ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་དོགས་པ་ཡོད་སྲིད།

        封控、封闭小区的居民拒不配合封控管理,违反疫情防控指挥部相关规定,擅自外出、聚集的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

        04      རིམས་ནད་སྔོན་འགོག་ཚོད་འཛིན་འགག་གནད་བརྒྱུད་པའི་རླངས་འཁོར་དང་མི་སྣས་བཙན་འཛུལ་ལམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་ལས་བྱེད་མི་སྣས་ཞིབ་བཤེར་དང་ལེན་མི་བྱེད་པ་ནི་༼བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ།༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད།

        经过疫情防控卡点的车辆和人员,以冲卡或者其他方法,拒不配合、接受卡点工作人员检查的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,处5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

        05    ཉིང་སྐྱུར་བརྟག་དཔྱད་ཁྱབ་ཁོངས་སུ་བཅུག་པའི་མི་ཚོགས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ནང་ཞུགས་མེད་པ་ནི༼ཐོལ་བྱུང་ཐུན་མོང་འཕྲོད་བསྟེན་དོན་རྐྱེན་ཀྱི་འཕྲལ་སྡོམ་སྲོལ་ཡིག༽གི་དོན་ཚན་ང་གཅིག་པ་ལས་འགལ་བ་དང་། འབྲེལ་ཡོད་ཚན་པ་དང་་མི་སྒེར་གྱིས་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུ། ལག་རྩལ་དབྱེ་ཞིབ། ཞིབ་དཔྱད་བཅས་མི་བྱེད་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས༽ལས་འགལ་ནས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཐོན་པ་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་གཞིགས་ནས་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་དོགས་ཡོད་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

        纳入核酸检测范围的人群,不参加统一组织的核酸检测的违反《突发公共卫生事件应急条例》第五十一条,有关单位和个人不配合调查、采样、技术分析和检验,可能触犯《治安管理处罚法》,构成违反治安管理行为的,将由公安机关依法予以处罚;涉嫌构成犯罪的,将依照《刑法》第三百三十条以涉嫌妨害传染病防治罪追究刑事责任。

        06      བདེ་ཐང་ཨང་རྟགས་ནི་ཨང་རྟགས་སེར་པོའམ་དམར་པོ་ཡིན་པའི་མི་སྣས། གཏན་འཁེལ་གྱི་སྡོད་ཁྱིམ་དུ་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ནམ་ཡང་ན་གཅིག་བསྡུས་ལོགས་བཀར་ལྟར་ལྟ་ཞིབ་མ་བྱས་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ནི༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་བས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་གྲུབ་སྲིད།

        健康码为黄码、红码的人员,不按照规定居家健康监测或者集中隔离观察的涉嫌违反《治安管理处罚法》第五十条,处警告或者200元以下罚款;情节严重的,处5日以上10日以下拘留,可以并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

        07      ནད་གཞི་སྦ་གསང་དང་ལམ་ཐིག་ཆ་འཕྲིན་སྦ་གསང་(ལྷག་པར་དུ་གཙོ་གནད་ས་ཁུལ་དུ་གནས་སྡོད་བྱས་པའི་ལོ་རྒྱུས)དང་། གཏན་ཁེལ་བྱས་པའི་ནད་པའམ་དོགས་ཡོད་མི་སྣ་དང་འབྲེལ་གཏུག་མྱོང་བ་སྦ་གསང་བྱས་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་གསལ་དུ་འཁོད་པའི་འབྲེལ་ཡོད་གཏན་འཁེལ་ཀྱི་དོགས་གཞི་ཡོད་སྲིད་པས་རིམས་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད། གཏན་ཁེལ་ནད་པ་ཕོག་མཁན་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་ཏོག་གསར་ནད་དུག་མཆེད་རིགས་ནི༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པར་འགལ་བས་ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་དོགས་པ་ཡོད་སྲིད།

        隐瞒病情、瞒报行程信息(尤其是重点地区旅居史)、隐瞒与确诊病例或者疑似病例有密切接触史的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条相关规定,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

        08      ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཁག་དང་སྤྱི་བདེ་སྡེ་ཁག་གིས་སྤེལ་བའི་ནད་ཡམས་ཀྱི་མཆེད་ནད་རིག་པའི་བརྟག་དཔྱད་ལས་དོན་ལ་གཞོགས་འདེགས་མི་བྱེད་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག  ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་དང་སུམ་ཅུ་པའི་འབྲེལ་ཡོད་གཏན་འཁེལ་ལྟར་རིམས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་སྲིད། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་(རྒྱལ་ཁབ་ལས་ཁུངས་ནང་དུ་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཚུད)ཁྲིམས་ལྟར་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བར་བཀག་འགོག་བྱས་ན། ༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་དང་འབྲེལ་བ་ཡོད་ཅིང་། གཞུང་དོན་སྒྲུབ་པར་བཀག་འགོག་བྱས་པའི་བྱས་ཉེས་སུ་གྲུབ་ཡོད།

        拒绝配合疾控和公安部门开展的疫情流行病学调查工作的,违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。可能涉嫌《刑法》第三百三十条相关规定,构成妨害传染病防治罪。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,可能涉嫌《刑法》第二百七十七条,构成妨害公务罪。

        09      ཚ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། སྣ་ལྕེ་འགག་པ། སྣ་ཆུ་བཞུར་བ། གྲེ་བ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད་བྱུང་བ། ཤ་ན་བ། ཕོ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་སྣས་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་གྱི་རེ་བ་ལྟར་སྨན་བཅོས་མ་བྱས་པ། བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད།

        具有发热、干咳、乏力、嗅觉味觉减退、鼻塞、流涕、咽痛、结膜炎、肌痛和腹泻等症状的人员,未按照疫情防控要求,到发热门诊就医,经劝阻无效的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

        10     གཅིག་བསྡུས་ལོགས་བཀར་མཇུག་བསྒྲིལ་རྗེས། འབྲེལ་ཡོད་གཏན་འཁེལ་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མ་བྱས་པ། བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་དང་འགལ་བས། དེ་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད།

        集中隔离结束后,不按照规定接受健康监测和管理,经劝阻无效的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

        11     རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྱིམ་ཚང་གི་སྡོད་གནས་སུ་འགྲིག་རྩེད་ས་མཱ་ཅང་ཁང་བཙུགས་པ་དང་། ཆམ་ནད་དང་ཚ་རྒྱས་སྨན་རྫས་སོགས་སྒྲིག་འགལ་ངང་འཚོང་པ་བཅས་ནི་༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་དང་འགལ་བས། དེ་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་500མན་བཅད་ཆོག ཡང་ན་འབྲེལ་ཡོད་སྡེ་ཁག་གིས་སྲིད་འཛིན་ཐོག་གི་ཆད་པ་གཞན་དག་གཅོད་ཆོག། ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད།

        疫情防控期间,在家庭住所开设棋牌档、麻将室,违规售卖感冒发热药品等违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款;或者由有关部门予以其他行政处罚。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

        12      རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གྲོང་མིས་འབྲེལ་ཡོད་གཏན་འཁེལ་དང་འགལ་ནས་རྒྱན་འཇོག་དང་བཟའ་བཏུང་། རོལ་རྩེད་སོགས་འདུ་འཛོམས་བྱེད་སྒོའི་ནང་ཞུགས་པ། བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས་དེ་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད། ངོས་འཛིན་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་ཏོག་གསར་ནད་དུག་མཆེད་པའི་རིགས་ནི༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པར་འགལ་བས་ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་དོགས་པ་ཡོད་སྲིད།

        疫情防控期间,居民违反规定外出参加打牌、餐饮、娱乐等聚集活动,经劝阻无效的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

        13    སྨན་བཅོས་ལས་ཁུངས་ཀྱི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་ར་སྤྲོད་ཡི་གེ་རྫུན་བཟོའམ་བསྒྱུར་བཟོ་བྱས་པའམ། མི་གཞན་གྱི་བདེ་ཐང་ཨང་རྟགས་དང་ལམ་ཐིག་ཨང་རྟགས་བེད་སྤྱད་པའམ་ཡང་ན་བྱ་ཐབས་གཞན་སྤྱད་དེ་འགྲོ་ལམ་དང་བྱེད་སྒོའི་རྗེས་ཤུལ་སྦ་གསང་བྱས་ནས་འབྲེལ་ཡོད་མི་སྣའི་ཡིད་ཆེས་ཐོབ་ཐབས་བྱས་ཏེ་འགྲོ་སྐྱོད་དང་ཕྱི་རྒྱལ་དུ་འཚམས་འདྲི་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་བསྐྱོད་དེ་ཏོག་གསར་ནད་དུག་བརྒྱུད་འགོས་བྱས་པའམ་ཡང་ན་ཁྱབ་སྤེལ་གྱི་ཉེན་ཁ་ཚབས་ཆེན་བཟོ་བའི་རིགས་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་དང་འགལ་བས་དེ་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་500མན་བཅད་ཆོག ཡང་ན་འབྲེལ་ཡོད་སྡེ་ཁག་གིས་སྲིད་འཛིན་ཐོག་གི་ཆད་པ་གཞན་དག་གཅོད་ཆོག། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་དང་སུམ་བཅུ་པར་འགལ་བས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་གྲུབ་སྲིད།

        伪造、变造医疗机构核酸检测阴性证明,使用他人健康码、行程码或采取其他方式隐瞒行程、活动轨迹,骗取有关人员信任,出行出访、进入公共场所,引起新型冠状病毒传播或者有传播严重危险的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款;或者由有关部门予以其他行政处罚。可能涉嫌《刑法》第三百三十条,构成妨害传染病防治罪。

        14     མི་གཞན་ལ་གཞོགས་འདེགས་བྱས་ནས་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་དང་ཞིབ་བཤེར་བྱེད་ཐབས་ལས་གཡོལ་ཐབས་བྱས་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་ གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བས། དེ་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཡོད་པས་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད།

        协助他人逃避疫情防控检查措施的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

        15      གྲོང་མི་དང་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་དུག་སེལ་ལས་དོན་སྤེལ་བར་གཞོགས་འདེགས་མི་བྱེད་པ། བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ལྔ་བཅུ་དང་འགལ་བས། དེ་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཡོད་པས་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ནང་གི་རིམས་ནད་བྱུང་བར་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཚུད)ཁྲིམས་ལྟར་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བར་བཀག་འགོག་བྱས་ན། ༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་དང་འབྲེལ་བ་ཡོད་ཅིང་། གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད།

        居民和企业不配合开展疫情防控相关的消毒工作,经劝阻无效的违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,可能涉嫌《刑法》第二百七十七条,构成妨害公务罪。

        གཉིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དཔལ་འབྱོར་དོ་དམ་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད།

        违反疫情防控管控经济管理秩序行为

        16       རིམས་ནད་བྱུང་འི་རིང་དུ་བསམ་ངན་ཁོག་བཅུག་གིས་གསོག་ཉར་དང་ཟོག་གོང་ཧམ་སྤོར། ཚུལ་མིན་ཁེ་ཆེན་རག་ཐབས་བཅས་བྱེད་རིགས་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་དགོས། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཆེ་ཙམ་ཡིན་པའམ་བྱས་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས། ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་པའི་རིགས་ལ་རྒྱལ་ཁབ་ཀྱིས་གློ་བུར་དུ་ཐོན་པའི་འགོས་ནད་སོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རིང་འབྲེལ་ཡོད་ཁྲོམ་རའི་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་གཏན་འཁེལ་ལས་འགལ་ཏེ་ཟོག་གོང་ཧམ་སྤར་དང་ཚུལ་མིན་ཁེ་ཆེན་རག་ཐབས་བྱས་ནས་ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་ཏེ་ཁྲིམས་འགལ་གྱི་ཐོབ་བྱའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ནི༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་པའི་ནང་འཁོད་དང་འགལ་ཡོད་པས་ཁྲིམས་འགལ་གྱི་གཉེར་སྐྱོང་བྱས་ཉེས་སུ་གྲུབ་སྲིད།

        疫情期间,恶意囤积、哄抬物价、牟取暴利的将由市场监督管理部门依法依规予以处理。对于违法所得数额较大或者有其他严重情节,严重扰乱市场秩序的,涉嫌违反国家在预防、控制突发传染病疫情等灾害期间有关市场经营、价格管理等规定,哄抬物价、牟取暴利,严重扰乱市场秩序,违法所得数额较大或者有其他严重情节的,可能涉嫌《刑法》第二百二十五条,构成非法经营罪。

        17       མིའི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཁ་ཐུམ་དང་མིག་ཤེལ། སྲུང་སྐྱོབ་གྱོན་གོས་སོགས་སྨན་བཅོས་ཡོ་བྱད་ཐོན་སྐྱེད་བྱེད་པར་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་དགོས།  ཉེས་ཚབས་ཆེ་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་པའི་གཏན་འཁེལ་ལྟར་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་བྱེད་པ་དང་ཕྱིར་འཚོང་བྱས་པའི་བྱས་ཉེས་སུ་དོགས་ཡོད་པས། ཁྲིམས་ལྟར་ཉེས་ཆད་ལྕི་བར་གཅོད་དགོས།

       生产不符合保障人体健康的国家标准、行业标准的医用口罩、护目镜、防护服等医用器材的由市场监督管理部门予以行政处罚。情节严重的可能涉嫌《刑法》第一百四十五条,将以生产、销售不符合标准的医用器材罪定罪,依法从重处罚。

        18      རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱོད་པའི་དངོས་རྫས་ཞིབ་འཇུག་གསར་བཟོ་དང་ཐོན་སྐྱེད། བྲིན་ཚོང་བཅས་བྱེད་པའི་མིང་ཐོག་ནས་གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའམ་ཡང་ན་དོན་དངོས་རྫུན་བཟོ་བྱས་ནས་སྤྱི་དམངས་ཀྱི་ཞལ་འདེབས་རྒྱུ་ནོར་གཡོ་ལེན་བྱས་ནས་གྲངས་འབོར་ཆེ་ཙམ་ཡིན་རིགས་ལ་༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པར་དོགས་པ་ཡོད་སྲིད་པས་ཁ་བསླུས་བརྒྱབ་པའི་བྱས་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་དགོས།

        在疫情防控期间,假借研制、生产或者销售用于疫情防控的物品的名义骗取公私财物,或者捏造事实骗取公众捐赠款物,数额较大的可能涉嫌《刑法》第二百六十六条,以诈骗罪定罪处罚。

        གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་འགལ་ནས་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་གཞན་དག

        其他违反疫情防控管控违法犯罪行为

        19    ཏོག་གསར་རིམས་ནད་འགོས་པ་བེད་སྤྱད་ནས་དཀྲོག་གཏམ་སྤེལ་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་གཏོར་བཤིག་གཏོང་བར་ངན་སྐུལ་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་རྒྱུར་ངན་སྐུལ་བྱེད་མཁན་གྱི་དོགས་ཡོད་ཅན་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་གསུམ་པའི་ནང་གསེས་དོན་ཚན་གཉིས་པ་དང་དོན་ཚན་བརྒྱ་དང་ལྔ་པའི་ནང་གསེས་དོན་ཚན་གཉིས་པར་གཏན་འབེབས་ལྟར་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བྱས་པའི་བྱས་ཉེས་ལ་གཞིགས་ནས་ཐོ་འགོད་མྱུལ་ཞིབ་བྱ་དགོས།

        利用新型冠状病毒感染肺炎疫情制造、传播谣言,煽动分裂国家、破坏国家统一,或者煽动颠覆国家政权、推翻社会主义制度的可能涉嫌《刑法》第一百零三条第二款、第一百零五条第二款,以煽动分裂国家罪或者煽动颠覆国家政权罪立案侦查。

        20     རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དུ་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲ་རྒྱ་སོགས་མི་ཚོགས་འདུ་སར་ཁྱབ་སྤེལ་བྱེད་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་དང་ཁྱབ་སྤེལ་བྱེད་རོགས་བྱེད་པ་ནི༼གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས༽ཀྱི་དོན་ཚན་རེ་ལྔ་པ་དང་འགལ་བས་དེ་ལ་ཡོ་བསྲང་འགན་དཀྲི་བྱེད་པ་དང་ཐ་ཚིག་སྒྲོག་པ། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་བཅའ་ཁྲིམས་ལྟར་ལས་སྒོ་སྤེལ་མཚམས་འཇོག་པའམ་ཡང་ན་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།  ༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽དང་འགལ་ན། ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཉེས་ཚབས་ཅུང་ཆུང་རིགས་ལ་ཉིན་5མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའམ་ཡང་ན་སྒོར་500མན་གྱི་དངུལ་ཆད་གཅོད་ཆོག། སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་རིགས་ལ ༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པ་ལྟར་ཆ་འཕྲིན་རྫུན་མ་བཟོས་པའམ་ཡང་ན་རྐང་བཙུགས་ནས་བརྒྱུད་བསྒྲགས་བྱེད་པའི་ཉེས་གསོག་གི་དོགས་པ་ཡོད་སྲིད།

        疫情防控期间,编造虚假疫情信息,在网络等公众场合散布的,或者明知是虚假信息还帮助散布和传播的违反《突发事件应对法》第六十五条,将处以责令改正,给予警告;造成严重后果的,将依法暂停业务活动或者吊销执业许可证。违反《治安管理处罚法》第二十五条,将处以5日以上10日以下拘留,可并处500元以下罚款;情节较轻的,将处以5日以下拘留或者500元以下罚款。严重扰乱社会秩序的,可能涉嫌《刑法》第二百九十一条,构成编造、故意传播虚假信息罪。

        21      འགོས་ནད་ཅན་དང་ནད་གཞི་ཡོད་མཁན། འགོས་ནད་ཀྱི་དོགས་ཡོད་མི་སྣ། ཐུག་རེག་མཁན་བཅས་མི་སྒེར་གྱི་གསང་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དཔྱད་ཡིག་སོགས་བསམ་བཞིན་དུ་ཕྱིར་གྱར་བྱས་པ་ནི༼བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ ཀྱི་དོན་ཚན་ཞེ་གཉིས་པ་དང་འགལ་བས་ཉིན་5མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའམ་ཡང་ན་སྒོར་500མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག རྒྱལ་ཁབ་ལས་ཁུངས་སམ་ཡང་ན་སློབ་གསོ་དང་སྨན་བཅོས་སོགས་ཚན་པས་འགན་འཁྲི་སྒྲུབ་པའི་ཞབས་ཞུའི་བརྒྱུད་རིམ་ནང་ཐོབ་པའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་དེ་མི་གཞན་ལ་བཙོངས་པའམ་ཡང་ན་ཁྲིམས་འགལ་གྱིས་མཁོ་འདོན་བྱས་པའི་ཉེས་ཚབས་ཆེ་རིགས་ལ ༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་ང་གསུམ་དང་འབྲེལ་བ་ཡོད་ཅིང་། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ཉེས་པ་བསགས་ཡོད།

        故意泄露传染病人、病原携带者、疑似传染病人、密切接触者涉及个人隐私的有关信息、资料的违反《治安管理处罚法》第四十二条,将处以5日以下拘留或者500元以下罚款;情节较重的,将处以5日以上10日以下拘留,可并处500元以下罚款。国家机关或者教育、医疗等单位在履行职责服务过程中获得的公民个人信息,出售或者非法提供给他人,情节严重的,可能涉嫌《刑法》第二百五十三条,构成侵犯公民个人信息罪。

        22       རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རིང་དུ་བསམ་བཞིན་དུ་སྨན་བཅོས་མི་སྣར་གནོད་འཚེ་བཏང་ནས་རྨས་སྐྱོན་ཆུང་ངུ་ཡན་གྱི་མཇུག་འབྲས་ཚབས་ཆེན་བཟོས་པའམ་ཡང་ན་སྨན་བཅོས་མི་སྣའི་འགོག་སྲུང་སྒྲིག་ཆས་བཅད་པའམ་ཁ་ཆུ་གཏོར་བ་སོགས་ཀྱི་བྱ་སྤྱོད་སྤེལ་ནས་སྨན་དོན་མི་སྣར་ཏོག་གསར་རིམས་ནད་འགོས་པར་བྱས་ཚེ༼ཉེས་ཁྲིམས༽ ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་ནང་འཁོད་གཏན་འབེབས་ལྟར་ཤེས་བཞིན་དུ་མིར་རྨས་སྐྱོན་བཟོས་པའི་ཉེས་པ་བསགས་པ་དང་། གང་འདོད་ལྟར་སྨན་བཅོས་མི་སྣར་ཉེས་རྡུང་བཏང་བའི་ཉེས་ཚབས་ཆེ་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་གོ་གསུམ་པར་འཁོད་ཡོད་པའི་བསྙད་རྐོ་ཟིང་སློང་གི་བྱས་ཉེས་སུ་གྲུབ་ཡོད། དྲག་ཤུགས་སམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་བལྟོས་འཛེམ་མེད་པར་སྨན་དོན་མི་སྣར་བརྙས་བཅོས་དང་འཇིགས་སྐུལ་བྱས་ནས་ཉེས་ཚབས་ཆེ་བའམ་ཉེས་ཚབས་ངན་པའི་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་ཉིས་བརྒྱ་ཞེ་དྲུག་དང་དོན་ཚན་ཉིས་བརྒྱ་གོ་གསུམ་པར་འཁོད་ཡོད་པའི་བརྙས་བཅོས་ཀྱི་བྱས་ཉེས་སམ་བསྙད་རྐོ་ཟིང་སློང་གི་བྱས་ཉེས་སུ་གྲུབ་ཡོད།

        疫情防控期间,故意伤害医务人员造成轻伤以上的严重后果,或者对医务人员实施撕扯防护装备、吐口水等行为,致使医务人员感染新型冠状病毒的可能涉嫌《刑法》第二百三十四条,构成故意伤害罪;随意殴打医务人员,情节恶劣的,可能涉嫌《刑法》第二百九十三条,构成寻衅滋事罪;采取暴力或其他方法公然侮辱、恐吓医务人员,情节严重或情节恶劣的,可能涉嫌《刑法》第二百四十六条、第二百九十三条,构成侮辱罪或者寻衅滋事罪。

        23       གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་ལས་འགལ་ཏེ་ཚ་སྐྱེས་ནད་པ་ལ་རང་དགར་ནད་དཔྱད་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ཁྲིམས་ལྟར་ལས་སྒོའི་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱེད་པའམ་ཡང་ན་ལས་གཉེར་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ། ཏོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་ཡོད་པའི་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གྲུབ་ཡོད།

        基层医疗卫生机构违反首诊负责制,擅自接诊发热病人,造成严重后果的将依法暂停业务活动或者吊销执业许可证。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

        24      ཁ་བཏུམ་གང་བྱུང་དུ་གཏོར་བ་དང་འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་མཁོ་ཆས་གང་བྱུང་དུ་དབྱུག་པ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འཁེལ་དང་འགལ་བ་དང། ཏོག་གསར་ནད་དུག་ནད་སྐྱེད་གཟུགས་ཚུད་པའི་སྨན་བཅོས་འགོག་སྲུང་མཁོ་ཆས་དང་། ཡོ་བྱད། སྨན་བཅོས་འཚོ་བའི་གད་སྙིགས་བཅས་དང་དེ་བཞིན་དུག་ལྡན་གནོད་ལྡན་དངོས་པོ་གང་བྱུང་དུ་ཐག་གཅོད་བྱས་པ་བཅས་འགོས་ནད་འགོག་བཅོས་བཅའ་ཁྲིམས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འཁེལ་ལས་འགལ་བ། ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་པ་དེ་ནི༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སོ་བརྒྱད་པར་དོགས་གཞི་ཡོད་པས་ཁོར་ཡུག་གནོད་འཚེ་གཏོང་པའི་ཉེས་པ་བསགས་ཡོད། ཤེས་བཞིན་དུ་ཏོག་གསར་གློ་ཚད་ནད་སྐྱེད་ཀྱི་གཟུགས་བཏབ་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་ཚབས་ཆེན་བཏང་སྟེ་མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་སྐྱོན་བཟོས་པའམ་ཡང་ན་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་པའི་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པའི་ནང་འཁོད་ཡོད་པའི་ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་བཏང་བའི་བྱས་ཉེས་སུ་གྲུབ་ཡོད།

       违反疫情防控规定,乱扔口罩、防护服等医疗防护用品等,违反传染病防治法等疫情防控规定,随意处置含新型冠状病毒病原体的医疗防护用品、器材、医疗生活废物以及其他有毒有害物质,严重污染环境的可能涉嫌《刑法》第三百三十八条,构成污染环境罪。故意投放新冠肺炎病原体,严重危害公共安全,致人重伤、死亡或者使公私财产遭受重大损失的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

        25       ནད་པའམ་དོགས་ཡོད་ནད་པས་ལོགས་བཀར་སྨན་བཅོས་དང་ལེན་མ་བྱས་པའམ་ཡང་ན་རང་དགར་ཁ་བྲལ་བའི་རིགས། ལོགས་བཀར་སྨན་བཅོས་དང་ལེན་མ་བྱས་པའམ་ཡང་ན་ལོགས་བཀར་སྨན་བཅོས་དུས་ཡུན་མ་ཐིམ་པར་རང་འདོད་ལྟར་ལོགས་བཀར་སྨན་བཅོས་ལས་ཁ་བྲལ་བ་ནི༼འགོས་ནད་འགོག་བཅོས་བཅའ་ཁྲིམས༽ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་དང་པོ་དང་འགལ་བས། སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་བཙན་ཤེད་ཀྱི་ལོགས་བཀར་སྨན་བཅོས་བྱེད་ཐབས་སྤྱད་ཆོག

       病人或者疑似病人拒绝或者擅自脱离隔离治疗的,拒绝隔离治疗或者隔离期未满擅自脱离隔离治疗的违反《传染病防治法》第三十九条第一款,可以由公安机关协助医疗机构采取强制隔离治疗措施。

        26      བརྟག་དཔྱད་ལས་ཁུངས་ཀྱིས་ཞིབ་བཤེར་མ་བརྒྱུད་པར་བརྟག་དཔྱད་ལ་ཞིབ་བཤེར་བྱས་འབྲས་ཀྱི་ཡི་གེ་ཕུལ་བའམ་ཡང་ན་ཞིབ་བཤེར་བརྟག་དཔྱད་བྱས་འབྲས་རྫུན་མ་བཏོན་པའི་ཡི་གེ་དང་། ཡང་ན་ཞིབ་བཤེར་བརྟག་དཔྱད་རྫུན་མ་བཟོས་པའམ་ཡང་ན་ཉོ་སྒྲུབ་བྱས་པའི་མཇུག་འབྲས་ཡི་གེ་བཅས་ཀྱིས་ཏོག་གསར་ནད་དུག་མཆེད་པའམ་ཡང་ན་ཁྱབ་སྤེལ་བྱེད་པའི་ཉེན་ཁ་ཚབས་ཆེན་ཡོད་ན་༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་དང་འགལ་བའི་དོགས་པ་ཡོད་པས་འགོས་ནད་འགོག་བཅོས་ཀྱི་བྱས་ཉེས་གྲུབ་པ་ཡིན།

       检测机构未经检验检测出具检验检测结果报告或出具虚假检验检测结果报告,或者制售或购买虚假检验检测结果报告,引起新型冠状病毒传播或者有传播严重危险的可能涉嫌《刑法》第三百三十条,构成妨害传染病防治罪。

        27      རིམས་ནད་བྱུང་བའི་རིང་དུ་བསམ་བཞིན་དུ་ཏོག་གསར་རིམས་ནད་སྐྱེད་ཀྱི་གཟུགས་ཁྱབ་སྤེལ་བྱས་ཏེ། སྤྱིའི་བདེ་དོན་ལ་གནོད་འཚེ་གཏོང་རིགས་དཔེར་ན་ཏོག་གསར་ནད་དུག་འགོས་མཁན་གྱིས་རིམས་ནད་བཀག་འགོག་དང་ཚོད་འཛིན་བྱེད་ཐབས་ལ་རྒོལ་བ་བྱས་ནས། ཤེས་བཞིན་དུ་ཏོག་གསར་ནད་དུག་ཁྱབ་སྤེལ་བྱས་ཏེ་གློ་ཚད་ནད་སྐྱེད་ཀྱི་གཟུགས་འགོས་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་བཏང་བ་དང་། འགོས་ནད་ཕོག་དང་ནད་གཞི་ཡོད་མཁན་གྱིས་ནད་ལོགས་བཀར་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་ལོགས་བཀར་སྨན་བཅོས་བྱེད་ཡུན་མ་ཐིམ་པར་རང་དགར་སྨན་བཅོས་བྱེད་ས་ནས་ཁ་བྲལ་བ་མ་ཟད། མི་མང་འདུ་འཛོམས་བྱེད་སར་བསྐྱོད་པའམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་པའི་རིགས། ཏོག་གསར་རིམས་ནད་འགོས་པའི་དོགས་ཡོད་ནད་པས་ལོགས་བཀར་སྨན་བཅོས་དང་ལེན་མ་བྱས་པའམ་ལོགས་བཀར་སྨན་བཅས་བྱེད་པའི་དུས་སྐབས་སུ་སྨན་བཅོས་བྱེད་གནས་ནས་རང་དགར་ཁ་བྲལ་བར་མ་ཟད། མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་ནས་ཏོག་གསར་ནད་དུག་ཁྱབ་སྤེལ་བྱས་པ་ཡིན་ན། ༼ཉེས་ཁྲིམས༽ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པར་འཁོད་གསལ་བའི་ཉེན་ཁ་ཆེ་བའི་བྱ་ཐབས་ལ་བརྟེན་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་བཏང་བའི་བྱས་ཉེས་སུ་གྲུབ་ཡོད།

       在疫情期间,故意传播新冠肺炎病原体,危害公共安全的如感染新型冠状病毒者抗拒疫情防控措施,故意传播新型冠状病毒感染肺炎病原体危害公共安全,已经确诊的新型冠状病毒感染肺炎病人、病原携带者,拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者乘坐公共交通工具的;新型冠状病毒感染肺炎疑似病人拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

        28       འགོས་ནད་ཀྱི་འབུ་ཕྲའི་རྒྱུད་དང་དུག་རྒྱུ་ཚོད་ལྟ་དང་ཉར་ཚགས། འཁྱེར་བཟུང་། སྐྱེལ་འདྲེན་བཅས་བྱེད་མཁན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་འབྲེལ་ཡོད་གཏན་འཁེལ་ལས་འགལ་ཏེ་འགོས་ནད་ཀྱི་འབུ་ཕྲའི་རྒྱུད་དང་དུག་རྒྱུ་མཆེད་པར་བྱས་ནས་མཇུག་འབྲས་ཚབས་ཆེན་པོ་བཟོས་རིགས་ལ༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སོ་གཅིག་པར་དོགས་པ་ཡོད་སྲིད་ཅིང་། འགོས་ནད་ཀྱི་འབུ་ཕྲའི་རྒྱུད་དང་དུག་རྒྱུ་མཆེད་པར་བྱེད་པའི་ནག་ཉེས་སུ་བརྩི་ཆོག

       从事实验、保藏、携带、运输传染病菌种、毒种的人员,违反国务院卫生行政部门的有关规定,造成传染病菌种、毒种扩散,后果严重的可能涉嫌《刑法》第三百三十一条,构成传染病菌种、毒种扩散罪。

        29     རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་གྱི་གཏན་འཁེལ་ལས་འགལ་སྟེ། རྒྱལ་མཚམས་ནས་འགྲོ་འོང་བྱེད་སྐབས་གཡོལ་ཐབས་དང་རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་སྒྲིག་གཞིས་ཞིབ་བཤེར་བྱེད་པར་དང་ལེན་མི་བྱེད་པ། དེ་མིན་རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་སྒྲིག་གཞིས་ཞིབ་བཤེར་བྱེད་དགོས་པ་གཞན་དག་གི་འོས་འགན་དང་ལེན་བྱ་དགོས་ཀྱང་མ་བྱས་པར་ནད་ཡམས་ཞིབ་བཤེར་བྱ་རྒྱུའི་འགོས་ནད་མཆེད་ཡོད་པས༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སོ་གཉིས་པའི་གཏན་འབེབས་ལྟར་རྒྱལ་མཚམས་སུ་ནད་ཡམས་འཕྲོད་བསྟེན་ཞིབ་བཤེར་ལ་གནོད་སྐྱོན་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

       违反国境卫生检疫规定,在出入境时采取逃避、蒙混或者其他手段,不接受国境卫生检疫机关对人身或者物品的医学检查、卫生检查和必要的卫生处理,以及其他违反应当接受国境卫生检疫义务,引起检疫传染病传播的可能涉嫌《刑法》第三百三十二条,构成妨害国境卫生检疫罪。

        30      ༼རྒྱལ་མཚམས་ནས་འགྲོ་འོང་བྱ་རྒྱུའི་སྲོག་ཆགས་དང་རྩི་ཤིང་ལ་རིམས་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས༽སུ་གཏན་འཁེལ་ལྟར་ནང་འདྲེན་བྱེད་མི་ཆོག་པའི་དངོས་པོར་རིམས་བཤེར་ལས་གཡོལ་ཐབས་བྱེད་པའམ་ཡང་ན་རྒྱལ་མཚམས་ནས་ནང་འདྲེན་བྱེད་མི་ཆོག་པའི་དངོས་པོར་ཚོད་འཛིན་དང་ཐག་གཅོད་ནུས་ལྡན་མ་བྱས་པས། དེ་བྲོས་བྱོལ་དང་གང་སར་ཁྱབ་པར༼ཉེས་ཁྲིམས༽ཀྱི་དོན་ཚན་སུམ་བརྒྱ་སོ་བདུན་པར་དོགས་གཞི་ཡོད་ཅིང་། སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག་དང་རིམས་བཤེར་ལ་འགོག་རྐྱེན་བཟོ་བའི་བྱས་ཉེས་སུ་གྲུབ་ཡོད།

       对输入《进出境动植物检疫法》规定的禁止进境物逃避检疫,或者对特许进境的禁止进境物未有效控制与处置,导致其逃逸、扩散的可能涉嫌《刑法》第三百三十七条,构成妨害动植物防疫、检疫罪。