བདེ་ཆེན་ཁུལ་གྱིས་གྲོང་གསེབ་ཀྱི་ལམ་བུ་ཡག་པོ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་གཞུང་ལམ།ཧྲི་ཞན་ཡའོ་ཡིས་པར་བླངས།

        ཕྱུག་འགྱུར་བྱེད་འདོད་ན་སྔོན་ལ་ལམ་བཟོ་དགོས་པ་དེ་བདེ་ཆེན་གྱི་མང་ཚོགས་ཀྱི་ངོས་ནས་བརྗོད་ན་ཁ་ཚ་དགོས་གཏུག་དང་ཛ་དྲག་ཆེ་ཤོས་ཀྱི་བསམ་འདུན་ཞིག་ཡིན་པ་རེད། ལོ་བཅུའི་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་པས་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ནས་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཏེ་བརྩོན་ལེན་བྱེད་ཕོད་པ་དང་བརྩོན་ལེན་བྱེད་མཁས་པོ་བྱས་ནས་དཀའ་སྡུག་ཚད་མེད་མྱོང་བ་དང་དམིགས་བསལ་ལེགས་སྐྱེས་འབུལ་ཐུབ་པའི་ལམ་བུ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ས་བབ་མཐོ་ལ་ཚད་གཞི་མཐོ་བ་དང་གསོ་རླུང་མི་འདང་ཡང་དཔའ་མི་ཞུམ་པའི་སྙིང་སྟོབས་ལ་བརྟེན་ནས་གངས་ལྗོངས་ས་མཐོར“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་བྱེད་པའི“མྱུར་ཚད་མགྱོགས་པོ”བཏོད་ཡོད།

        “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་བར་རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་29དང་སྒྲིག་ཚུད་གྲོང་ཚོ་196ཏུ་ཨར་འདམ་ལམ་100%དང་།འགྲུལ་སྐྱེལ་རླངས་འཁོར་100%   ཡིག་ཟམ་100%བཅས་ཤར་གཏོང་ཐུབ་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁུལ་ཡོངས་ཀྱི་གྲོང་མིའི་ཚོགས་ཆུང་2256ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ནས་གཞུང་ལམ་སྤྱི་ལེ་5108.61དང་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་།ཨར་འདམ་སྤྱི་ལེ་5020.12ཟིན་པ།ཨར་འདམ་སྤྱོད་ཚད་96.55%ཟིན་ནས་རང་ཁུལ་གྱི་གྲོང་མི་ཚོ་ཆུང་བར་མཐུད་པའི་ཨར་འདམ་ཅན་གྱི་ལས་གྲྭ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

འཇོལ་རྫོང་ཧྥོ་ཧྲན་ཤང་ལྕགས་ཕུགས་གྲོང་གི་གཞུང་ལམ། (རྒྱ་མཚོས་པར་བླངས།

        གྲོང་གསེབ་ཀྱི་གཞུང་ལམ་དེ་གཞུང་ལམ་འཛུགས་བསྐྲུན་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་དོ་དམ་བྱེད་རྒྱུ་ནི་རྨང་གཞི་ཡིན་པ་རེད།བདེ་ཆེན་ཁུལ་གྱིས་གཞུང་ལམ་ས་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་ཇུས་གཞི་ཞིབ་འཇུག་དང་རིམ་སྤོར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་དང་།ཁྲིམས་སྐྱོང་བསམ་གཞིགས།སྐྲུན་བཞིན་པའི་རྣམ་གྲངས་དང་དེ་བཞིན་ཞིབ་བཤེར་ལས་རིགས་དཔུང་ཁག་དང་གཞུང་ལམ་ཁྱབ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་ཟུང་འབྲེལ་བྱས་ཏེ་མཐར་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་།བདེ་འཇགས་ཡོང་བ།ཞི་མཐུན་ཡོང་བ།མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱ་རྒྱུ་དེ་དམིགས་ཡུལ་དུ་བྱས་པ་རེད། གྲོང་གསེབ་ཀྱི་གཞུང་ལམ་དེ་གསོ་རྒྱུ་ནི་གཙོ་གནད་ཡིན་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བ་ཡང་ཡིན།བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གྲོང་གསེབ་གཞུང་ལམ་བདག་སྐྱོང་བྱེད་སྟངས་གསར་གཏོད་ཤུགས་ཆེན་བྱས་ནས་བདག་སྐྱོང་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཁུལ་རིམ་པའི་མཛུབ་ཁྲིད་དང་།རྫོང་རིམ་པའི་འགན་འཁུར།ཤང་དང་གྲོང་ཚོས་དོ་དམ་ཞིབ་ཕྲ་བྱེད་པའི་གྲོང་གསེབ་གཞུང་ལམ་བདག་སྐྱོང་མ་ལག་ཆགས་ཡོད། དེ་དང་ཆབས་ཅིག་ད་དུང་གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་སྒྲིག་བཀོད་འཛུགས་སྐྲུན་གྱི་བདེ་འཇགས་སྐྱེལ་འདྲེན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་གཞུང་ལམ་གཉེར་སྐྱོང་ཡག་པོ་བྱས་པས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད།

འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་གཞུང་ལམ།(ཧྲི་ཞན་ཡའོ་ཡིས་པར་བླངས།

        ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་ལ་སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐེངས་མང་ཐོབ་ཡོད། 2019ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྫོང་དུ་བདམས་པ་དང་།2020ལོར་བདེ་ཆེན་ཁུལ་གྱི་གྲོང་གསེབ་གཞུང་ལམ་བདག་སྐྱོང་དོ་དམ་ཞིང་ཆེན་རིམ་པའི་ཕུལ་བྱུང་ཚན་པར་བདམས་པ།2021ལོར་བདེ་ཆེན་ཁུལ་ལ“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་ལ་བདམས་ནས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་ལན་ཞིག་ཕུལ་བ་རེད།