བསོད་ནམས་ཚེ་རིང་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-25   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        《རིག་རྩལ་ཚགས་པར》གྱི་འཕྲིན་སྟེགས་སྟེང་ཟླ8པའི་ཚེས25ཉིན་བསྒྲགས་པ་ལྟར་ན། རང་ཞིང་གི་སོག་རིགས་རྩོམ་པ་པོ་བསོད་ནམས་ཚེ་རིང་གི་སྒྲུང་འབྲིང《ཐང་སྟོང་དུ》ཞེས་པར་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ། ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོའི་རྩོམ་རིག་བྱ་དགའ་མཐོ་ཤོས་བཞི་ཡི་ཡ་གྱལ་ཡིན་ལ། རང་རེའི་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་བསོད་ནམས་ཚེ་རིང་ནི་བྱ་དགའ་འདི་རེག་མཁན་གྱི་རྩོམ་པ་པོ་ཐོག་མ་ཡིན།

        བསོད་ནམས་ཚེ་རིང་ནི1985ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དུ་སྐྱེས་ཤིང་། བརྩམས་ཆོས་གཙོ་བོར《རི་སྐོར་རུ་ཁག》 དང་《ཧ་སང་གི་གླིང་ཕྲན》 《ཐང་སྟོང་དུ》སོགས་ཡོད། སྔ་གཞུག་ཏུ་དུས་དེབ་གྲགས་ཅན་《ཧྲོའུ་ཧུ》དང་《ཧྲི་ཡུའེ》 《ཧྭ་ཁྲིན》སོགས་ཀྱི་སྟེང་སྒྲུང་གཏམ་སྤེལ་མྱོང་ལ། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་རྩོམ་རིག་བྱ་དགའ་སྐབས་དྲུག་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རིག་རྩལ་བྱ་དགའ་སོགས་ཐོབ་མྱོང་། །