འཁར་འཇོག་ལ་ཁའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        འཁར་འཇོག་ལ་ཁ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དུ་གནས་ཡོད་ལ།ཆེ་ཆུང་མི་འདྲ་བའི་རི་རབ་དགུ་ཡིས་གྲུབ་པ་དང་།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ཡོད་པའི་ནགས་རི་ནས་སྨི་4800ཡོད་པའི་ས་མཐོའི་འབྲོག་ར་བར་ནགས་ཚལ་དང་གྲོག་རོང་།  རི་མཐོའི་རྩྭ་ཐང་།  གངས་རི།  མཚེའུ་སོགས་ཀྱི་རང་བྱུང་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པ་མ་ཟད།  ཀྲུང་ལུགས་སྨན་རྩྭ་དང་གངས་ཇ། སྙི་བ། བེ་ཤ་སོགས་རིན་ཆེན་ནོར་བུ་འདྲ་མི་སྣ་ཚོགས་ཡོད།  ས་མཐོའི་འབྲོག་རར་མཚེའུ་དྭངས་གཙང་བདུན་ཐར་ཐོར་ཁྱབ་ཡོད་པས་དྲི་ཟའི་ཡུལ་དང་གཉིས་སུ་མ་མཆིས།