དཀར་མཛེས་རྫོང་དུ་ཞིང་བ་རྣམས་སྟོན་བསྡུ་བའི་ལས་ལ་བྲེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-24   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

གསེར་མདོག་གི་ཞིང་ཁ་དང་སྡོད་ཁང་གིས་མཛེས་སྡུག་གི་རི་མོ་ཞིག་གྲུབ།

བརྔ་བསྡུ་འཕྲུལ་འཁོར་གྱིས་སྟོན་བསྡུ་བཞིན་པ།

ཞིང་བའི་གདོང་དུ་དགའ་བའི་འཛུམ་གྱིས་ཁེངས།

བརྔ་བསྡུ་ལས་ལ་བྲེལ་བཞིན་པའི་ཞིང་བ།

ལོ་ལེགས་ཀྱི་དུས་ཚིགས་བསུ་བ།

ནས་བསྡུ་བ།

འཕྲུལ་འཁོར་ལ་བརྟེན་ནས་ནས་བསྡུ་བ།

        མུ་མཐའ་མེད་པའི་ཞིང་ནང་དུ་འབྲི་རྡོག་རྒྱས་ཤིང་བསིལ་རླུང་ལྡིང་པ་དང་བསྟུན་གསེར་མདོག་གི་ནས་ཞིང་གིས་བྲོ་འཁྲབ་པ་དང་འདྲ་སྟེ། ནས་ཞིང་དུ་བརྔ་བསྡུ་འཕྲུལ་འཁོར་ཡར་མར་བརྒྱུད་བཞིན་ཡོད་པས། ཡུད་ཙམ་མ་འགོར་བར་རླངས་འཁོར་ནང་དུ་འབྲི་ཡིས་ལྟེམ། སྟོན་ཁ་སླེབས་པ་དང་བསྟུན་དཀར་མཛེས་རྫོང་གིས་སྟོན་བསྡུ་དུས་ཚིགས་བསུ་ཞིང་། གང་ས་གང་དུ་ལོ་ལེགས་བྱུང་ཞིང་སྟོན་བསྡུ་ལས་ལ་བྲེལ་བའི་རྣམ་པ་ཞིག་ཤར་ཡོད།

        དཀར་མཛེས་རྫོང་ནི་དཀར་མཛེས་ཁུལ་གྱི་ཞིང་ལས་གཉེར་བའི་རྫོང་ཆེན་པོའི་གྲས་ཤིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་ནས་ཀྱི་ཐོན་རྫས་རྟེན་གཞིའི་གྲས་ཤིག་ཀྱང་ཡིན་པས“ཁམས་ཕྱོགས་བྱང་རྒྱུད་ཀྱི་འབྲི་མཛོད”ཅེས་པའི་མཚན་སྙན་ལྡན། ཉེ་ཆར། དཀར་མཛེས་རྫོང་རི་མགོ་ཤང་གི་ནས་བསྡུ་བའི་ཡུལ་དངོས་སུ་མུ་མཐའ་མེད་པའི་ཞིང་ནང་དུ་སྙེ་མའི་རྦ་རླབས་ལང་ལོང་དུ་འཕྱུར་ནས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་རེ་རེས་ནས་ཞིང་ཁ་རུ་བརྒྱུད་བཞིན་ཡོད་དེ། ཞིང་བ་ཚོས་སྟོན་བསྡུ་བའི་རྣམ་པ་མཐོང་ཚེ་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད། །