མཚོ་སྔོན་ཁྲ་འདམ་དུ་ས་མཐོའི་མཛེས་ལྗོངས་ཀྱིས་སྐུ་མགྲོན་གྱི་ཡིད་དབང་འཕྲོག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-17   རྩོམ་ཁུངས།    མི་དམངས་དྲ་བ།

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་ཁོངས་ཀྱི་ཁྲ་འདམ་ཤང་དུ་གཙང་གསུམ་ཆུ་འགོའི་སྲུང་སྐྱོང་ཁུལ་དང་། འདམ་ཆུའི་འདམ་རའི་ལྟེ་བའི་སྲུང་སྐྱོང་ཁུལ། འབྲི་ཆུའི་ལྷོ་ཁུངས། ཁྲ་འདམ་འདམ་ར་སོགས་མཛེས་ལྗོངས་གནས་ཡོད། རང་བྱུང་མཛེས་ལྗོངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གཤིས་ལུགས་ལས་ཀྲུང་ཕྱིའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཡོད། འདི་ནི་ཟླ་8ཚེས་11ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་ཁྲ་འདམ་ཤང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཡུལ་དེའི་ཁྱད་ཆོས་ལྡན་པའི་ཨ་རག་གི་བྲོ་བ་མྱོང་བཞིན་པ།