དམ་བི་གསར་བ་ཅན་གྱི་སེམས་ཀྱི་ཉི་ཟླ་སྦི་རག་ཐོན་སྐྱེད་བྱེད་འགོ་ཚུཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ས་མཐོའི་བསྙལ་བཟོས་བཟོ་རྩལ་སྦི་རག་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཀུང་སི་འདི་ཉིད་ཀྱིས་ད་ལོའི་ཟླ་6པ་ནས་སྟབས་བདེའི་དམ་བི་ཅན་གྱི་ནས་ཀྱི་སྦི་རག་ཐོན་སྐྱེད་བྱེད་འགོ་ཚུགས་པས།སེམས་ཀྱི་ཉི་ཟླའི་སྦི་རག་དེ་དམ་བུ་གསར་བའི་དུས་རབས་སུ་སླེབས་ཡོད་པ་རེད།

     ཀུང་སི་འདི་ཉིད་ཀྱིས་2021ལོའི་ལོ་འགོར་སྟབས་བདེའི་དམ་བི་ཐོན་སྐྱེད་རྣམ་གྲངས་མང་དུ་བཏང་བ་དང་། དེ་སྔའི་ཤེལ་དམ་གྱི་སྦི་རག་གི་ཐོན་སྐྱེད་བྱ་ཡུལ་གྱི་རྨང་གཞིའི་ཐོག་སྟབས་བདེའི་དམ་བིའི་སྦི་རག་ཐོན་སྐྱེད་བྱ་ཡུལ་གྱི་ལེ་ལག་ཚང་བའི་སྒྲིག་ཆས་དང་དེ་བཞིན་སྒྲིག་བཀོད་མང་དུ་བཏང་བ་དང་འབྲེལ་ལོ་དེའི་ཟླ་9པར་སྟབས་བདེའི་དམ་བི་ཐོན་སྐྱེད་བྱ་ཡུལ་གྱི་ཉོ་སྒྲུབ་དང་སྒྲིག་སྦྱོར་གྱི་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་རེད། ད་ལོའི་ཟླ་6པར་ཀུང་སིས་སྟབས་བདེ་དམ་བིའི་སྦི་རག་3300དང་རྒྱལ་ཐང་སྦི་རག་ཁག་གཉིས་བཏོན་པ་དང་འབྲེལ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།

     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ས་མཐོའི་བསྙལ་བཟོས་བཟོ་རྩལ་སྦི་རག་ཚད་ཡོད་ཀུང་སིའི་འགན་འཁུར་བ་སྒྲོལ་མས་དེང་ཕྱིན། ང་ཚོའི་སྟབས་བདེའི་དམ་བིའི་ཐོན་རྫས་དེ་ཁྲོམ་རའི་ཐོག་ཁྱབ་གདལ་བཏང་རྗེས་ཐོན་རྫས་ཀྱི་ཐོན་ཚད་ཆེས་ཆེར་མང་དུ་འགྲོ་རྒྱུ་ཡིན་ལ་ཉེ་འཁོར་གྱི་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་ཀྱང་མང་དུ་འགྲོ་རྒྱུ་རེད། དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད། རྣམ་གྲངས་འདི་བརྒྱུད་ནས་སེམས་ཀྱི་ཉི་ཟླའི་སྦི་རག་གི་སྤུས་རྟགས་དེ་བས་ལེགས་པའི་སྒོ་ནས་གཏོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།སེམས་ཀྱི་ཉི་ཟླའི་སྦི་རག་གི་སྟབས་བདེའི་དམ་བིའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་300གཏོང་རྩིས་ཡོད་པ་དང་རྣམ་གྲངས་ཐོན་སྐྱེད་བྱས་རྗེས་སྔོན་དཔག་བྱས་ན་ཐོན་ཚད་ཏུན་1000མང་དུ་གཏོང་རྒྱུ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་1000མང་དུ་བཏང་ནས་ནས་ཀྱི་སྦི་རག་ཐོན་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་དང་ས་གནས་ཀྱི་ནས་བྲིན་ཚོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།