ཡང་ཐང་དུ་དམངས་སྲོལ་རིག་གནས་དུས་ཆེན་སྐབས་གསུམ་པ་གཉེར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་8པའི་ཚེས་8ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོས་དམངས་སྲོལ་རིག་གནས་དུས་ཆེན་སྐབས་གསུམ་པ་གཉེར་པ་རེད།

    

        ཐེངས་འདིའི་དམངས་སྲོལ་རིག་གནས་དུས་ཆེན་གྱི་བྱེད་སྒོའི་ནང་དོན་ལ་རིག་རྩལ་འཁྲབ་སྟོན་དང་། དངོས་མིན་རིག་གནས་དང་ས་གནས་དེ་གའི་རིག་གནས་མཉམ་འགུལ་འཁྲབ་སྟོན། ཁྱད་ལྡན་ཞིམ་ཟས་ཉམས་ཉེན། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ཕྱོགས་བསྡུས་སྒྲོག་འགྲེལ། དེ་བཞིན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་རིག་གནས་དང་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་ཡོད།  བྱེད་སྒོ་དེ་བརྒྱུད་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྔོག་འདོན་བྱེད་པ་དང་།  རིག་གནས་རང་རྟོགས་དང་རིག་གནས་ཀྱི་གདེང་ཆོད་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད།  བྱེད་སྒོ་འདི་ལ་བརྟེན་ནས་ཡང་ཐང་གྲོང་རྡལ་དང་ཉེ་འགྲམ་གྱི་ཤང་གྲོང་བར་གཞི་རིམ་ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  ཐོན་ལས་དར་འཕེལ་སོགས་ཀྱི་ཐད་ཕན་ཚུན་སྦྲེལ་མཐུད་དང་མཉམ་འཛིན་མཉམ་སྐྲུན་གྱི་ཡུན་ཕན་ལམ་སྲོལ་འཛུགས་པ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།


    

        ཤེས་གསལ་བྱུང་དོན། ཉེ་བའི་ལོ་ཤས་རིང་།  ཡང་ཐང་གྲོང་རྡལ་གྱིས་འཛམ་གླིང་སེམས་ཀྱི་ཉི་ཟླའི་མེ་ཏོག་གི་རྒྱ་མཚོ་ཡང་ཐང་ཞེས་པ་ལ་གཞི་བཙུགས་ནས་ས་ཁོངས་ཀྱི་དགེ་མཚན་དང་ཐོན་ཁུངས་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དེ།  རྒྱུན་མི་ཆད་པར་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་རིག་གནས་སྔོག་འདོན་བྱེད་པ་མ་ཟད།  དམངས་སྲོལ་རིག་གནས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ།  ཧུར་ཐག་སྒོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་གཏོང་རྒྱུའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་ཡོད་པས་དཔལ་འབྱོར་སྤྱི་ཚོགས་ཀྱི་དོན་ཚན་ཁག་ལ་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་མངོན་ཡོད་པ་རེད།