ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་དར་རྒྱས་གཏོང་བ་ཞེས་པ་ལ་ཕན་འབྲས་ཐོབ་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2022ལོའི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་པར་གཞིགས་ན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ནས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་གྲོང་གསེབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ་ཞེས་པའི་ལྟེ་བ་དེ་ཁེ་ལས་མཁས་ཅན་དང་།བྱེད་པོ་ཞིང་པ།གཙོ་གནད་ཐོན་ལས་དར་རོགས།དམིགས་ས་དེ་གཞི་རིམ་ཏང་རྩ་འཛུགས་བཅས་སུ་ཡོད་པ་རེད། ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི་བྱེད་སྒོ་སྤེལ་བ་ནས་བཟུང་། གྲོང་ཁྱེར་དེའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་དང་།གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས།ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་ལས་གཉེར་པུའུ།ཀྲུང་གོ་ཞིང་ལས་དངུལ་ཁང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་དངུལ་ཁང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་གསེབ་ཡིད་རྟོན་མཉམ་ལས་མཉམ་འབྲེལ་ཁང་བཅས་དང་མཉམ་འབྲེལ་ཐོག་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ་ཞེས་པའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)11ལ་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ་ཞེས་པའི་བྱེད་སྒོ་སྤེལ་ནས་རོགས་རམ་བྱས་པ་རེད། མིག་སྔའི་བར་ཞིང་ལས་འཕེལ་རྒྱས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་གི་དམངས་གཉེར་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་ཁྲི་21184.72ཟིན་པ་དེས་དངུལ་ཁང་དེའི་རིགས་ཁག་གི་དངུལ་བུན་ལྷག་གྲངས་ཀྱི་3.75%བཟུང་ཡོད། ད་ལོའི་ཟླ་6་པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་སྲིད་འཛིན་གྲོང་ཚོ་46གི་ཆ་འཕྲིན་ཡིག་ཚགས་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ་དང་།དངུལ་བུན་གཡར་མཁན་དུད་ཚང་1564ཟིན་པ་དང་།དངུལ་བུན་སྒོར་དུང་ཕྱུར་2.05ཟིན་ཡོད།འདིའི་ཁྲོད་ཞིང་དུད་623ལ་དངུལ་བུན་སྒོར་དུང་ཕྱུར་1.2བཏང་བ་རེད། ད་ལོའི་དུས་ཚིགས་གཉིས་པའི་བར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་35ཟིན་པ་དང་།སྣེ་འདྲེན་ཁེ་ལས་ཀྱི་ཐོན་ལས་ཁག་གིས་ད་ཡོད་རིན་གོང་གི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.6348ལེགས་སྒྲུབ་བྱས་ལ།ཞིང་དུད་2033ལ་སྐུལ་ཁྲིད་བྱས་པས།ཞིང་དུད་ལ་འབབ་འཕར་སྒོར་ཁྲི་8430བྱུང་ཡོད།ལོ་གོང་མའི་དུས་མཚུངས་ལས་18.23%འཕར་ཡོད་པ་རེད། དམངས་གཉེར་ཁེ་ལས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་རོགས་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བ།ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཐད་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། 

        གོམ་སྟབས་རྗེས་མར་གྲོང་ཁྱེར་དེའི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་དང་ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་དྲིལ་བསྒྲགས་དང་སྐུལ་སློང་གི་ལས་དོན་མུ་མཐུད་རྒྱ་ཁྱབ་ངང་སྤེལ་བ་དང་ཚོད་ལྟའི་རྣམ་གྲངས་མ་ལག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས“ལམ་སྲོལ་ཁག་བཞི”ཧུར་ཐག་བཏོད་དེ“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱེད་སྒོ་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་རེད།