ཨ་རོགས་ཁམས་པའི་སྒྱུ་རྩལ་ཁང་རྡོ་མཁར་རྫོང་ནས་སྒོ་ཕྱེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླའི་དེང་རབས་སྒྱུ་རྩལ་བར་སྟོང་D3+སྒྱུ་རྩལ་བར་སྟོང་དང་པོ་དེ་གནའ་གྲོང་ཨ་རོགས་ཁམས་པའི་ཁྱིམ་ཚང་དུ་དངོས་སུ་འགྲེམས་ཁང་བཙུགས་པ་དང་བར་སྟོང་ཀུན་འདུས་ཞེས་པའི་ཆེད་དོན་བརྩམས་ཆོས་འགྲེམས་སྟོན་དུས་གཅིག་ཏུ་སྤེལ་བ་རེད།

        སྒྱུ་རྩལ་བར་སྟོང་དེ་ཨ་རོགས་ཁམས་པའི་གསར་གཏོད་པ་གྲགས་པ་སྐལ་ལྡན་དང་སྒྱུ་རྩལ་པ་མཁས་ཅན་ལི་ཧྥ་ཀྲི ཧྲེན་ཡ་ཧྲེང་སོགས་མི་གསུམ་གྱིས་ཐུན་མོང་ཐོག་གསར་ཏུ་བཏོད་པ་ཞིག་རེད། ལི་ཧྥ་ཀྲི་དང་ཧྲེན་ཡ་ཧྲེང་གིས་ཤང་གི་སྨན་བཅོས+སྒྱུ་རྩལ་སྨན་བཅོས+ཟས་རིགས་སྨན་བཅོས+ངལ་གསོ་སྨན་བཅོས་ཀྱི་ཞིབ་འཇུག་སློབ་སྦྱོང་རྣམ་གྲངས་ཀྱི་འདུ་ཤེས་འཛུགས་རྒྱུར་གཞོལ་ནས་མཉམ་འབྲེལ་ཐོགD3+སྒྱུ་རྩལ་བར་སྟོང་དངོས་སུ་སྒོ་ཕྱེས་བ་རེད།

        བར་སྟོང་ཀུན་འདུས་ཞེས་པའི་ཆེད་དོན་བརྩམས་ཆོས་འགྲེམས་སྟོན་དུས་ཡུན་ལོ1ཡིན་པ་དང་ད་ལོའི་ཟླ8པའི་ཚེས6ཉིན་ནས་སང་ལོའི་ཟླ8པའི་ཚེས་6ཉིན་བར་མང་ཚོགས་ལ་སྒོ་འབྱེད་རྒྱུ་ཡིན་པ་རེད། འགྲེམས་སྟོན་དེས་དྲ་ཁུག་དང་ལྦུ་བ་སོགས་དཔེ་རིས་བཟོ་བའི་རྒྱུ་ཆར་བརྟེན་ནས་སྤུས་ལེགས་ཀྱི་དཔེ་རིས་ལ་བརྟེན་ནས་མིའི་རིགས་ཀྱིས་དེང་རབས་འཚོ་བའི་གནས་ལུགས་ལ་བསམ་ཞིབ་བྱེད་ཚུལ་མངོན་པར་བྱས་ཡོད། བརྩམས་ཆོས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གཞི་རྒྱུ་བསྡུ་ལེན་བྱས་ཡོད་ལ། ནུབ་ཕྱོགས་ཀྱི་ཚད་བརྒལ་དངོས་ཡོད་རིང་ལུགས་དང་། གྲུབ་ཚུལ་རིང་ལུགས། འདུ་ཤེས་འཛིན་སྟངས་བཅས་ཀྱི་བྱེད་ཐབས་ཀྱང་དཔྱད་གཞིར་བཟུང་ཡོད།

        གྲགས་པ་སྐལ་ལྡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་གནའ་གྲོང་D3སྒྱུ་རྩལ་བར་སྟོང་གིས་དེང་རབས་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་དང་། པར་རིས་དང་རི་མོའི་ཉམས་ལེན། སྒྱུ་རྩལ་ཉར་ཚགས། སྒྱུ་རྩལ་ཞིབ་འཇུག་སློབ་སྦྱོང་། རིག་རྩལ་སྤུས་རྟགས། སྒྱུ་རྩལ་མཉམ་ལས་སོགས་འཕྲེད་ཚད་མང་བའི་དངོས་ཚན་གྱི་གསར་གཏོད་གཉེར་སྐྱོང་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ་དེང་རབས་ཅན+བོད་བཟོའི་གཞི་རྒྱུ་མང་པོ་མཉམ་འདྲེས་བྱས་ཏེ་སྒྱུ་རྩལ་ས་མཚམས་ལས་བརྒལ་ནས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་བཏོད་ནས་དེ་ཉིད་སེམས་ཀྱི་ཉི་ཟླ་རྡོ་མཁའ་རྫོང་གི་སྒྱུ་རྩལ་ས་རྟགས་གསར་པ་ཞིག་ཏུ་ཧུར་ཐག་གིས་གཏོད་དགོས་ཞེས་གསུངས་པ་རེད།