བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གི་ངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་གནས་ཡོད་པ་རེད། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ནི་བསྡུ་ཉར་དང་ཞིབ་འཇུག བཤམས་སྟོན་དང་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་དེ་བདེ་ཆེན་བརྒྱུད་གངས་རིར་འཛེགས་པ་དང་རྩྭ་ཐང་བརྒལ་བ་དང་དེ་བཞིན་བདེ་ཆེན་གསང་བའི་ཏང་དང་བདེ་ཆེན་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་ཀྱི་དམངས་གཙོའི་གསར་བརྗེའི་ལོ་རྒྱུས་དང་རིག་དངོས་ཀྱི་རྟེན་རྫས་བཤམས་སྟོན་ཁང་འགྲེམས་སྟོན་བྱེད་ཡོད་པ་རེད། 

        བཤམས་སྟོན་ཁང་ནང་དེ་སྔ་དམར་དམག་བདེ་ཆེན་དུ་སྐྱོད་སྐབས་སྤྱོད་མྱོང་བའི་གྲུ་གཟིངས་དང་མེ་སྒྱོགས། དེ་བཞིན་རྟ་སྒྲོན་དང་སྨན་སྒམ། འབྲུ་ཁུག ཆུ་དེམ་སོགས་འཚོ་བའི་མཁོ་ཆས་ཚང་མ་ནིདམར་དམག་བདེ་ཆེན་དུ་བརྒྱུད་མྱོང་བའི་དཔང་པོ་ཤ་སྟག་རེད།

        བཤམས་སྟོན་ཁང་བཙུགས་ཚུན་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི420ལྷག་ཙམ་ལ་སྣེ་ལེན་ཞུས་ནས་སྔ་རྗེས་སུ་ཆེད་དོན་འགྲེལ་བཤད་ཐེངས1500ལྷག་ཙམ་བརྒྱབ་པ་དང2021ལོར་ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་མཚན་སྙན་ཐོབ་ནས་བདེ་ཆེན་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཐོག་མར་གྱུར་ཡོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བདེ་ཆེན་དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་གིས་མཚོན་པའི་རིམ་ཁག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡུན་རིང་རིན་མེད་ངང་སྒོ་ཕྱེ་ནས་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས། གཞོན་ནུ་ལོ་ཆུང་། ས་གནས་ཁག་གི་ཡུལ་སྐོར་བར་འགྲེལ་བཤད་ཞབས་ཞུ་མཁོ་འདོན་བྱེད་ཡོད། ལྟད་མོ་བ་དང་བཤམས་སྟོན་ཁང་གི་བར་ཐག་ཉེ་རུ་གཏོང་ཆེད་བཤམས་སྟོན་ཁང་གིས་སྔ་རྗེས་སུ་དབྱིན་སྐད་དང་བོད་སྐད། རྒྱ་སྐད་བཅས་ཀྱི་ལམ་ནས་ཆེད་ལས་འགྲེལ་བཤད་རྒྱག་མཁན་ནང་འདྲེན་བྱས་ཏེ་སྐད་རིགས་མང་བའི་འགྲེལ་བཤད་ཞབས་ཞུ་མངོན་འགྱུར་ཡོང་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ལྟ་སྐོར་གྱི་སྟབས་བདེ་བསྐྲུན་ཡོད་པ་རེད།