བདེ་ཆེན་གྱི་རྒུན་ཆང་དྲི་ཞིམ་འཛམ་གླིང་ལ་ཁྱབ་ཏུ་བཅུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        བདེ་ཆེན་ས་མཐོའི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་རྒུན་འབྲུམ་སྡོང་པོ་ཡུག་གཅིག་གིས་ཡལ་ག་བརྐྱངས་ནས་ཞིང་ནང་དང་མུ་ཁར་བརྒྱུད་པའི་ཝང་ཅ་ཁུའེ་ཡིས་ཡལ་གའི་སྟེང་རིམ་བཞིན་བཀལ་བའི་འབྲས་བུ་སྟར་པ་རེ་རེ་བཞིན་ལ་ལྟ་བཞིན་འཛུམ་མདངས་རབ་ཏུ་འཚེར་བཞིན་ཡོད། ཁོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་རྒུན་འབྲུམ་འདེབས་འཛུགས་དང་རྒུན་འབྲུམ་ཆང་སྙོལ་བའི་ལག་རྩལ་མཛུབ་ཁྲིད་པ་ཞིག་དང་གྲོང་གསེབ་དར་རྒྱས་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་ཞིག་རེད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ལམ་ནས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁུར་ཡོད་པའི་སྙིང་སྟོབས་ལ་འགྲེལ་བཤད་བརྒྱབ་སྟེ་ལྷག་བསམ་ཟོལ་མེད་ངང་རྒུན་ཆང་ཐོན་ལས་ཕྱོགས་ལ་གཏོར་ཡོད།