སྲིད་པའི་གཏམ་དཔེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།




ཞབས་བྲོ་ཨེ་ཡག་ལྷམ་ལ་ལྟོས། ། 

སྣང་བ་ཨེ་སྐྱོད་གོས་ལ་ལྟོས། །


ཞལ་ལ་པདྨའི་མདངས་ཡོད་ཀྱང་། ། 

ཐུགས་ལ་འཛེར་པའི་འཁྱོག་ཅིག་འདུག །

 

ཞིང་པས་མ་བཏབ་འབྲུ་རིགས་དང་། ། 

འཐག་གིས་མ་བཏགས་སྣམ་བུ། ། 


གཞུང་དོན་སྒྲུབ་ན་ཁོག་རྒྱ་ཆེ་དགོས། ། 

རྟ་རྒོད་འཁྲིད་ན་འཁྲིད་ཐག་རིང་དགོས། །



ཟས་ཀྱི་ཕུད་དེ་མགྲོན་ལ་འབུལ། ། 

གོས་ཀྱི་རྩེ་དེ་རང་གིས་གྱོན། ། 


བཟའ་ཚང་ནང་ཁ་གཤིབ་ན། ། 

ལྟོ་གོས་ཐུག་པས་ཆོད་ཡོང་། །


བཟང་པོའི་ལས་བྱེད་སར། །

ངན་པས་ལྟད་མོར་ལྟ། ། 


བཟང་པོར་དམའ་འབེབས་འདོད་ན། ། 

ངན་པའི་ཁ་ཡ་གྱིས། ། 


འ་ཆད་འུ་ཐུག །

བ་ཤི་ས་རུལ། །


འུ་ཐུག་ན་ཉེ་བཙལ། །

ཁྱི་རིག་ན་རྡོ་བཙལ། ། 


འུག་པས་མུན་པ་རུབ་ན་བསམ། ། 

བྱ་ཕོས་ནམ་མཁའ་ལངས་ན་བསམ། །


འོ་མ་དཀྲུགས་ན་མར། ། 

ཆུ་དཀྲུགས་ན་ཝུ་བ། ། 




ཡ་རབས་མ་རབས་སྤྱོད་པས་ཤེས། ། 

སྐྱེས་ས་གང་ཡིན་སྐད་ཀྱིས་ཤེས། ། 


ཡིད་ཀྱི་སོག་ལེ་རྣོ་ཡང་། ། 

ཤིང་གི་སྡོང་བོ་མི་ཆོད། ། 


ཡོད་མདོག་མདོག་དོར་མ་རྒྱ་ཚོས་གྱོན། །

མེད་མདོག་མདོག་ལྷན་པ་ཕྲེད་ལ་བརྒྱབས། ། 


ཡོད་པའི་ཁ་ལ་གསོག་འདོད། ། 

མེད་པའི་ཁ་ལ་སྟོར་འདོད། །