སྲིད་པའི་གཏམ་དཔེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-04   རྩོམ་ཁུངས།    ​ མཚོ་སྔོན་ཉིན་རེའི་ཚགས་པར།

ཙ་རིའི་གནས་བཤད་བཏང་ན། །

འགྲུལ་པ་ལམ་འགོར་བཟོས་ཡོང་། །


རྩ་བ་སྨན་ཡིན་ན། །

ཡལ་ག་དུག་ཡིན་མི་སྲིད། །


རྩལ་མེད་ན་རྟ་ལ་དགའ་ན་རྐང་ལག་ཆག །

རྒྱུ་མེད་ན་མགྲོན་ལ་དགའ་ན་སྤྲང་པོ་བཟོ། །


རྩུབ་པོ་ཤིང་ལ་མི་འགྲོ །

འཇམ་པོ་བལ་ལ་མི་འགྲོ །


ཚེ་འདི་ལས་ཕྱི་མ་ཕུག་ཐག་རིང་། །

དཔོན་འདི་ལས་ཆོས་རྒྱལ་འཇིགས་སྐྲག་ཆེ། །


ཚོང་པས་དྲང་པོ་མི་ཤོད། །

རྐུན་པོས་ཕངས་སེམས་མི་བྱེད། །


ཚོགས་གཏམ་ཚོགས་ཀྱི་དཀྱིལ་དུ་བཏང་། །

གོ་བ་རང་རང་སོ་སོས་ལོངས། །


ཚོད་མེད་པོ་ལ་གྲོས་མ་འདྲི། །

ཁ་མང་པོ་ལ་སྙིང་གཏམ་མ་ཤོད། །


རྫ་ཁོག་ཆག་ན་སྤྱི་གྱོང་། །

ཕོར་པ་ཆག་ན་སྒེར་གྱོང་། །


རྫ་རི་སྤང་རི་སོ་སོ་རེད། །

སྨུག་པས་བཏུམས་ན་འདྲ་འདྲ་རེད། །


འཛུགས་དུས་མེ་ཏོག་བཙུགས། །

སྐྱེ་དུས་ཚེར་མ་སྐྱེས། །


འཛིངས་ན་ཡག་པོ་མི་ཡོང་། །

སློང་ན་ཞིམ་པ་མི་ཡོང་། །


ཝ་སྐྱེས་གསོད་པ་པགས་པའི་དོན། །

དོན་མཐུན་བཅོམ་པ་ནོར་གྱི་དོན། །


ཝ་མི་བརྒྱལ་ཀ་མེད་འདྲེའི་འགྲམ་ལྕག །

རྟ་མི་འགྲོ་ཀ་མེད་ཁྲམ་པའི་ལོང་ལྕག །


ཝ་མོ་གཡོ་རྒྱུ་ཆེ་ཡང་། །

རྔོན་པའི་རྙི་ལས་མི་ཐར། །