བདེ་ཆེན་ཁུལ་གྱིས“ཉིས་འཕྲི”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།




    “ཉིས་འཕྲི”ལས་དོན་སྤེལ་ཚུན། ཡུན་ནནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སློབ་གསོ་གཙོ་གཉེར་སྡེ་ཚན་གྱིས་སློབ་གྲྭའི་ཕྱི་ནང་གི་ཁྱབ་ཁོངས་གཉིས་ཀྱི་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་གཙོ་གནད་ལས་འགན་དུ་བཟུང་ཞིང་། “སློབ་གྲྭ་ནང་ཁུལ་ནས་འགན་ལེན་དང་། སློབ་ཕྱིའི་བཅོས་སྒྲིག འགོག་བཅོས་ཟུང་འབྲེལ། རྩ་ལག་མཉམ་བཅོས”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར། སློབ་མའི་ལས་བྱའི་ཁུར་པོ་དང་གསོ་སྦྱོང་གི་ཁུར་པོ་ཡང་དུ་བཏང་བ་བརྒྱུད། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་དང་། སློབ་ཕྱིའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ“ཉིས་འཕྲི”དང“ཉིས་འདེགས”དེ་ལས་དོན་ཐབས་ལམ་ཞིག་ཏུ་བཟུང་ནས“ཉིས་འཕྲི”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    བདེ་ཆེན་ཁུལ་གྱིས《སློབ་གྲྭ་ཆུང་འབྲིང་གི་དབྱར་གནང་གི་ཁུར་པོ་ལྕི་དྲགས་པའི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《འོས་འགན་སློབ་གསོའི་སློབ་ཕྱིའི་ཞབས་ཞུའི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆ་རབ་དང་རིམ་པ་བཏོན་ནས། བདེ་ཆེན་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་སློབ་གྲྭའི་སློབ་མའི་སློབ་ཕྱིའི་ཞབས་ཞུའི་ལག་བསྟར་ཇུས་གཞི་བཟོས་ཏེ་ཞབས་ཞུའི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་བླང་བྱ་བཏོན། 《བདེ་ཆེན་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི“དོ་དམ་དོན་ཚན་ལྔ”ཡི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལག་ཁྱེར་ཁ་པར་དང་། གཉིད་ཉལ། ལས་བྱ། ཀློག་དེབ། ལུས་པོ་སོགས་ཀྱི་དོ་དམ་རྣམ་གྲངས་ལྔ་ལྟ་ཞིབ་ཞིབ་བཤེར་གྱི་ཁྱབ་ཁོངས་ནང་བཅུག་ནས“ཉིས་འཕྲི”རིགས་ཀྱི་སྐུལ་འདེད་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

    རྗེས་འདེད་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཙུགས་ནས་འཕར་ཚད་ཚོད་འཛིན་དང་གསོག་ཚད་ཉུང་འཕྲི་མཐའ་འཁྱོངས་བྱས་ནས། རིག་གཞུང་ཚན་ཁག་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་མཐའ་གཅིག་ཏུ་ཇེ་ཉུང་དུ་བཏང་ཞིང་། རྫོང(གྲོང་ཁྱེར)སོ་སོའི་སློབ་གྲྭ་ཆུང་འབྲིང་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ཞིབ་ཕྲའི་དམིགས་ཚད17ལ་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱས། རྫོང(གྲོང་ཁྱེར)གསུམ་གྱི་དམའ་འབྲིང8དང་ཆ་ཚང་སློབ་ཆུང28ཀྱི་སློབ་མ1800དང་། འོས་འགན་སློབ་གསོའི་སློབ་གྲྭའི་དགེ་རྒན120ལྷག་གི་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ། བདེ་ཆེན་ཁུལ་གྱིས“སློབ་ཕྱིའི་ཞབས་ཞུའི་སློབ་གྲྭའི་གྲངས་འབོར”དང“སློབ་ཕྱིའི་ཞབས་ཞུའི་དུས་ཚོད་ཀྱི་ཚད་ལོན་གྲངས” ། “ལས་བྱ་ཡོངས་བསྒྲགས་ལམ་ལུགས་ཀྱི་ཚད་ལོན་གྲངས”སོགས་གཙོ་གནད་སྟོན་གྲངས་དག་ཀྱང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    སློབ་ཁྲིད་རྒྱུན་ལྡན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་དོ་དམ་དང་། སློབ་མ་དོ་དམ། ཀུན་སྤྱོད་སློབ་གསོའི་དོ་དམ། སློབ་ཁྲིད་དོ་དམ། སློབ་དཔྱོད་དོ་དམ། རྒྱབ་ཕྱོགས་མཁོ་སྒྲུབ་དོ་དམ། འཕྲོད་བསྟེན་དོ་དམ། བདེ་འཇགས་དོ་དམ་སོགས་ནང་ཁུལ་གྱི་རྒྱུན་སྲོལ་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སློབ་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། དེ་དང་ཆབས་ཅིག་དྲ་ཐོག་ལས་སྟེགས་གང་ལེགས་སྤྱད་དེ“ཉིས་འཕྲི”ཡི་རྒྱབ་ལྗོངས་དང་ནང་དོན། དམིགས་ཚད། བྱེད་ཐབས་བཅས་དྲིལ་སྒྲོག་དང་གསལ་འགྲེལ་ཤུགས་ཆེན་བྱས་ཏེ། སློབ་གསོའི་སྤྱི་སྟེགས་ལ་བརྟེན་ནས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་སྤེལ་བའི་ཐོག《འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་ལས་བྱའི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་དྲིལ་སྒྲོག་ཧུར་ཐག་བྱས་ནས། “ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས”ཕྱོགས་གསུམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་དགོས།

    “ཉིས་འཕྲི”སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་པའི་འོག བདེ་ཆེན་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་ལས་བྱ་ཡི་སྤྱི་འབོར་དང་དུས་ཚོད་ལ་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། ལས་བྱ་བཀོད་སྒྲིག་ཚན་རིག་དང་ལུགས་མཐུན་ཡིན་པ། འོས་འགན་སློབ་གསོའི་སློབ་གྲྭར་སློབ་གྲྭའི་ནང་ཁུལ་གྱི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་སློབ་མའི་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་ཡོད། སློབ་ཕྱིའི་གསོ་སྦྱོང་བྱ་སྤྱོད་ཚད་ལྡན་བྱུང་ནས་འོས་འགན་སློབ་གསོའི་སློབ་གཉེར་སྤུས་ཚད་དང་མི་སྣ་གསོ་སྐྱོང་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། །