བདེ་ཆེན་ཁུལ་གྱི་ལོ་བཅུའི་རིང་གི་བདེ་སྡོད་ཕུགས་འདུན་ལེགས་པར་འགྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་10ཡི་རིང་བདེ་ཆེན་གྱི་སྡོད་ཁང་འཛུགས་སྐྲུན་གོམ་སྟབས་བརྟན་པོ་བྱུང་བ་དང་སྡོད་ཁང་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཁུལ་ཡོངས་ཀྱི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་མང་ཚོགས་མང་ཆེ་བར་སྡོད་སའི་ཁང་པ་ཡོད་པ་ནས་སྡོད་ས་ཡག་པོ་ཡོད་པའི་བར་མཆོང་སྐྱོད་བྱུང་སྟེ་མི་སེར་གྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།

        ཁང་བ་བསྒྱུར་བཀོད་བྱེད་པའི་མང་ཚོགས་ལ་སྡོད་ཁང་བློ་བདེ་བ།

        ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་ཞིང་པའི་སྡོད་ཁང་བདེ་འཇགས་བརྟན་ལྷིང་དང་རླུང་འགོག་ཆར་གཡོལ་གྱི་གཞི་རྩའི་བླང་བྱ་གཞིར་བཟུང་ནས་གཙོ་གནད་བྱ་ཡུལ་རིགས་4དང་གཙོ་གནད་བྱ་ཡུལ་མེད་པའི་རིགས་4ལོངས་སྤྱོད་བྱེད་ནུས་མེད་པའི་ཁང་པ་རྒྱག་མཁན་དུད་ཚང་ལ་གང་དགོས་དེ་སྒྲུབ་བྱས་པ་དང་རིམ་རྩིས་བྱས་ནCདངDརིམ་པའི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དུད་ཚང་64417ལེགས་གྲུབ་ཟིན་ནས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་རོགས་དངུལ་སྒོར་ཁྲི་78586.9བརྩོན་ལེན་བྱས་ཡོད།

        མིག་སྔའི་བར་བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དུད་ཚང་20565ལག་བསྟར་བྱས་པ་དང་ཡུག་འབྲེལ་གཞི་ཁྱོན་ཅུང་ཆེ་བ་དང་སྡོད་ཁང་གི་ཆ་རྐྱེན་དཀའ་ངལ་ཆེ་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེ་བ། མང་ཚོགས་ཀྱི་དགོས་མཁོ་ཆེ་བ་བཅས་ཀྱི་སྡོད་ཁང་སྲ་བརྟན་གསར་སྒྱུར་དང་བཤིག་སྤོའི་ཁ་གསབ་ཀྱི་རྣམ་པའི་ཐོག་ནས་སྒྱུར་བཀོད་བྱས་པས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། གཞིས་ཁུལ་རྙིང་པ94སྒྱུར་བཀོད་ལེགས་གྲུབ་ཟིན་པ་དེ་ཐོག་ཁང3997དང་གྲོང་མི་དུད་ཚང་15466དང་འབྲེལ་བ་ཡོད་པ། འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཁྲི་277.83ཟིན་པ་དང་མ་དངུལ་སྒོར་ཁྲི་46002.52བཏང་ནས་གོང་རིམ་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་29047བརྩོན་ལེན་ཐུབ་ཡོད་པ་རེད། ཆབས་ཅིག་བསྐྲུན་དུས་ཡུན་ཅུང་རིང་བ་དང་སྒྲིག་ཆས་ཆ་ཚང་རྒས་པའི་གནད་དོན་འབུར་ཐོན། སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་སྟོང་པ་ཁག་ཅུང་མང་བ། གྲོང་རྡལ་གྱི་སྡོད་ཁང་གཞིས་ཁུལ་ལ་གསར་བཟོ་དང་བཟོ་བཅོས་ལེགས་སྒྲིག་བྱས་ཏེ་མི་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཡོད།

        ཁང་གླར་སྡོད་ཁང་གིས་མང་ཚོགས་ལ་དངོས་ཕན་ཐོབ་པ།

        མིག་སྔར་བདེ་ཆེན་ཁུལ་གྱི་གཞུང་གི་ཁང་གླར་སྡོད་ཁང་རིམ་རྩིས་བྱས་ན་སྡོད་ཁང་12816བགོ་བཤའ་བརྒྱབ་པ་དང་སྡོད་ཁང་382སྔོན་ཚུད་ནས་བགོ་བཤའ་བརྒྱབ་པ། སྡོད་ཁང་606གང་འགབ་ཅི་སྤྱོད་བྱས་པ་དེ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཐད་སྤྱོད་པའི་ཁང་པར་བརྩིས་ནས་བགོ་བཤའ་རྒྱག་ཚད་93.4%ཟིན་ཡོད་པ་རེད། རྫོང་(གྲོང་ཁྱེར་དང་ཆུས)ཁག་གི་གྲོང་ཁུལ་གསར་པ་གསར་སྤེལ་དང་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྤྱི་པའི་ཁང་གླར་སྡོད་ཁང་14680གཅིག་སྡུད་གྲབས་འཛུགས་བྱས་ནས་ཡོང་འབབ་དམའ་འབྲིང་གི་མི་ཚོགས་དང་། ཞིང་ལས་གྲོང་ཁྱེར་དུ་བསྒྱུར་བ། ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་མི་སྣ། ཞིང་པ་ལས་མི། གསར་དུ་ལས་ཞུགས་བྱས་པའི་ལས་བཟོ།དབང་པོ་སྐྱོན་ཅན་སོགས་མི་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

        གནས་སྤོས་བཀོད་སྒྲིག་ཁང་པས་མང་ཚོགས་ལ་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུ་བྱུང་བ།

        འབའ་ལུང་རྫོང་གི་གྲོང་ཁུལ་གསར་པའི་འཆར་འགོད་ཁྱབ་ཁོངས་སུ་གཏོགས་པའི་ལན་ཡུང་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་ནི་ཐོ་པ་ཆུ་ཤུགས་གློག་ཁང་འཆར་འགོད་ཀྱི་གྲོང་གསེབ་བཀོད་སྒྲིག་བྱ་ཡུལ་8ཀྱི་གྲས་ཤིག་ཡིན་པ་དང་ཐོ་པ་ཆུ་ཤུགས་གློག་ཁང་གི་ལྟེ་བའི་ཁུལ་གྱི་ཙ་ལི་གྲོང་ཚོའི་ཅི་ཅེ་ཐུའུ་ཚོགས་ཆུང་དང་། ལ་མུའུ་ཏི་ཚོགས་ཆུང་། ལུའི་མུའུ་ཏི་ཚོགས་ཆུང་། པི་ཏུའུ་ཚོགས་ཆུང་། གནས་སྤོས་དུད་ཚང་།  ཆུ་མཛོད་ཁུལ་གྱི་གནས་སྤོས་དུད་ཚང་། བཀོད་སྒྲིག་བྱ་ཡུལ་དེ་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སུ་གནས་པ་དང་འབའ་ལུང་ནས་ལན་ཕིན་རྫོང་ཐུང་ཏེན་གྲོང་རྡལ་རིམ་པ་གཉིས་པའི་གཞུང་ལམ་བརྒྱུད་ཡོད་པ་དང་མིག་སྔར་དུད་ཚང་143་བཀོད་སྒྲིག་བྱས་ཡོད། ཁེར་རྐྱང་ཚོ་ཆུང་དང་གནས་སྤོས་དུད་ཚང་དང་ཆུ་མཛོད་ཁུལ་གྱི་གནས་སྤོས་དུད་ཚང་།བཀོད་སྒྲིག་བྱ་ཡུལ་དེ་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སུ་གནས་པ་དང་ཝེ་ཐུང་རིམ་པ་གཉིས་པའི་གཞུང་ལམ་བརྒྱུད་ཡོད་པ་དང་མིག་སྔར་དུད་ཚང་143་བཀོད་སྒྲིག་བྱས་ཡོད་།

        མིག་སྔའི་བར་བདེ་ཆེན་ཁུལ་དུ་གནས་སྤོས་བཀོད་སྒྲིག་མི་འབོར9912ཡོད་པ་རེད། གསར་རྐྱང་དང་ཡངས་ཤིང་རྒྱ་ཆེ་བའི་སྡོད་ཁང་གསར་པར་གནས་སྤོས་ཡུལ་མི་དུད་ཚང་བདེ་སྐྱིད་ལྡན་པའི་སྡོད་ཁང་དུ་སྡོད་ཐུབ་པ་བྱུང་ཡོད།