ཚགས་པར་ནང་ཟས་རིགས་བླུགས་རྒྱུ་མེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-01   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ཚགས་པར་པར་འདེབས་བྱེད་པའི་སྣག་ཚའི་ནང་ཏོའོ་ལུས་ལན་བན་ཞེས་པའི་དུག་ལྡན་གྱི་དངོས་པོ་ཞིག་ཡོད་པས་དེའི་རྫས་འགྱུར་གྱི་གྲུབ་ཆ་དང་འབུ་གསོད་སྨན་ཏི་ཏི་ཐི་འདྲ་པོ་ཡོད། གལ་ཏེ་ཚགས་པར་ནང་ཟས་རིགས་བླུགས་ན་དུག་ལྡན་དངོས་པོ་དེ་དག་ཟས་རིགས་ཐོག་འགོས་ནས་མིའི་གཟུགས་པོའི་ནང་འགྲོ་ཡི་ཡོད

        ཏོའོ་ལུས་ལན་བན་ཞེས་པའི་རྒྱུ་དེ་མིའི་གཟུགས་པོར་སྦྱར་བདེ་བས་གཟུགས་པོའི་ཐོག་འཐིམས་ཚེ་ཕྱིར་འབུད་བྱེད་ཁག་པོ་ཡོད་པ་རེད། གལ་ཏེ་མིའི་གཟུགས་པོའི་ནང་ཏོའོ་ལུས་ལན་བན་གྱི་ཚད་གཞི་ངེས་གཏན་ཞིག་སླེབས་སྐབས་མིའི་མིག་ལྤགས་དམར་པོ་ཆགས་ནས་སྐྲང་ཡོང་བ་དང་། ལག་པའི་ཐལ་མོའི་དཀྱིལ་ལ་ཚ་བ་རྒྱས་པ། གཟུགས་པོ་ཡོངས་དམར་པོ་ཆགས་ནས་འབུར་རྟོག་ཐོན་པ། ཚབས་ཆེ་བའི་སྐབས་སྐྱུག་མེར་ལངས་པ་དང་།  མཆིན་པའི་ནུས་པ་ཉམས་པ། གཟུགས་པོ་ཡོངས་ཀྱི་ཤ་རུས་ལ་ན་ཟུག་གཏོང་བ། གློ་ཚད་མེད་རྒྱག་པ་སོགས་ཀྱི་སྣང་ཚུལ་ཐོན་ནས་སྲོག་ལ་ཉེན་ཁའང་བཟོ་སྲིད། གཞན་ཡང་ཚགས་པར་རྙིང་པ་དེ་རིགས་བལྟ་ཀློག་མང་པོ་བྱས་པར་བརྟེན་ནད་དུག་གཞན་འགོས་བདེ་པོ་ཡོད། དེར་བརྟེན་རྣམ་ཀུན་འཚོ་བའི་ནང་སྟབས་བདེ་ཁོ་ནར་བསམས་ནས་ཚགས་པར་ནང་ཟས་རིགས་བླུགས་རྒྱུ་དེར་ཡིད་གཟབ་བྱེད་དགོས་སོ།

多氯联苯 : ཏོའོ་ལུས་ལན་བན།