བདེ་ཆེན་ཁུལ་བོད་ཀྱི་རྒྱན་གོས་རྒྱུན་འཛིན་པ་ཕུན་ཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        མི་རིགས་སྒྱུ་རྩལ་གྱི་གཅེས་ནོར་ཞིག་ཡིན་པའི་བོད་ཀྱི་རྒྱན་གོས་དེ་མི་རིགས་རིག་གནས་ཀྱི་ལོ་རྒྱུས་རི་མོའི་ནང་ཚོན་མདངས་རྣམ་པར་བཀྲ་བ་ཞིག་ཡོད། དེ་ནི་བོད་རིགས་མང་ཚོགས་ཀྱི་བསམ་པའི་རྟེན་གཞི་ཞིག་ཡིན་པ་མ་ཟད་དེའི་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་ཞིག་ཀྱང་ཡིན། བོད་རིགས་ཤིག་ཡིན་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕུན་སུམ་ཚོགས་མི་རིགས་རྒྱན་གོས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཕུན་ཚོགས་ཀྱིས་དད་སེམས་བརྟན་སྲུང་བྱས་ཏེ་གནའ་བོའི་ལག་རྩལ་དེ་རྒྱུན་འཛིན་ཧུར་ཐག་བྱས་པ་རེད།

        རིག་གནས་ནུས་ཤུགས་གཏིང་ཟབ་འདོན་པ་བྱས་ནས་བོད་ཀྱི་གོས་རྒྱན་གྱི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་མངོན་པར་བྱེད།

        མེས་པོས་བརྒྱུད་ཡོང་བའི་དངོས་པོ་རྣམས་བོར་བརླག་ཏུ་འགྲོ་མི་རུང་། ལོ་12ལ་སླེབས་སྐབས་ངས་སྤོ་བོ་དང་མཉམ་དུ་བོད་ཀྱི་རྒྱན་གོས་བཟོ་སྟངས་སློབ་སྦྱོང་བྱས་པ་དང་ཐོག་མའི་མགོ་རྨོངས་པ་ནས་ད་ཆ་གོམས་ན་ལས་སླ་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་ཁྲོད་མདུན་སྐྱོད་འཚར་ལོངས་བྱུང་ཡོད། བོད་གོས་ནི་ལས་སླའི་གྱོན་ཆས་ཙམ་མ་ཡིན་པར་བོད་རིགས་མི་དམངས་ཀྱི་རིག་གནས་རྒྱུ་ནོར་ཡིན་པ་དང་མི་རིགས་གཞན་ལ་བོད་ཀྱི་རིག་གནས་སྟོན་པའི་མཚོན་རྟགས་ཤིག་ཡིན་པ་ངས་གསལ་པོ་ཤེས་ཀྱི་ཡོད། 

        ཆུང་དུས་ནས་བོད་ཀྱི་རྒྱན་གོས་ལ་དགའ་པོ་བྱེད་མཁན་ཕུན་ཚོགས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་ཤིང་མཆོག་ཏུ་གྱུར་པའི་བོད་ཀྱི་རྒྱན་གོས་རེ་རེ་བཞིན་དྲས་པ། ཕུན་ཚོགས་ཀྱིས་བོད་ཀྱི་ཉམས་འགྱུར་ལྡན་པའི་རྒྱན་གོས་ཤིག་འདྲ་པ་ཚད་འཇལ་དང་། རྒྱུ་ཆ་གྲ་སྒྲིག ཇུས་འགོད། དྲས་གཏུབ་བཟོ་བ། ཚོད་ལྟ་བྱེད་པ། ལེགས་སྒྲིག་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དགོས་པ་རེད། ཉུང་ན་ཉིན་བཅུ་ལྷག་ཙམ་དང་མང་ན་ཟླ་བ་ཁ་ཤས་ནང་གཞི་ནས་གྱོན་ཆས་ཆ་ཚང་ཞིག་ལེགས་འགྲུབ་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་བྱུང་།

        གསར་གཏོད་ཧུར་ཐག་བྱས་ནས་མི་རིགས་དང་དར་སྲོལ་མཉམ་འདྲེས་བྱེད་པ།

        གྱང་ངོས་ཡོངས་ཀྱི་གཟི་བརྗིད་དཔང་ཡིག་ཐོག་ནས་ཕུན་ཚོགས་ཀྱིས་འཚེམ་བཟོ་བྱས་པའི་བོད་ཀྱི་གྱོན་ཆས་ལ་མང་ཚོགས་ཀྱིས་ཅི་འདྲའི་དགའ་བསུ་ཐོབ་པ་ཤེས།  2018ལོ་དང་2019ལོར་ཁག་སོ་སོར་གཉེར་བའི་ཡུན་ནན་མི་རིགས་རྒྱན་གོས་འགྲན་བསྡུར་རིག་གནས་དུས་ཆེན་ཁྲོད་མི་རིགས་རྒྱན་གོས་ཇུས་འགོད་འགྲན་བསྡུར་ཆེ་མོའི་ཐོག་ཕུན་སུམ་ཚོགས་ཀྱིས་བོད་ཀྱི་གཞི་རྒྱུའི་རྒྱན་གོས་བཞི་ཇུས་འགོད་འགྲན་བསྡུར་ནང་ཞུགས་པ་རེད། དེའི་ནང་ནས་རྒྱན་གོས་གཉིས་ལ་སྲོལ་རྒྱུན་མི་རིགས་ཀྱི་རྒྱན་གོས་ཕུལ་བྱུང་བཅུའི་བྱ་དགའ་ཐོབ་པ་དང་། དེ་བྱིངས་གཉིས་ལ་གསར་གཏོད་མི་རིགས་ཀྱི་རྒྱན་གོས་ཕུལ་བྱུང་བཅུའི་བྱ་དགའ་ཐོབ་པ་རེད། ཞིང་ཆེན་ནང་ཁུལ་གྱི་གྱོན་ཆས་འགྲེམས་སྟོན་དང་འགྲན་བསྡུར་དུས་ཆེན་སོགས་ཀྱི་བྱེད་སྒོའི་ནང་ཞུགས་པ་མ་ཟད་ཕུན་སུམ་ཚོགས་ཀྱིས་བོད་གོས་ད་དུང་ཞིང་ཆེན་གཞན་དང་ཐ་ན་རྒྱལ་སྤྱིའི་ཕྱོགས་སུ་བསྐྱོད་ཡོད།

        སྲོལ་རྒྱུན་གྱི་གྱོན་ཆས་ལ་དར་སྲོལ་གྱི་གཞི་རྒྱུ་བསྣན་པ་དང་ལག་ཤེས་པའི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་རིག་གནས་ཀྱི་མིང་བྱང་གཙང་མར་ཕྱིས་ཏེ་ཕུན་ཚོགས་ཀྱིས་འབད་བརྩོན་བྱས་ནས་བདེ་ཆེན་གྱི་བོད་ཆས་རྒྱན་གོས་གང་སར་མེ་ཏོག་བཞད་དུ་བཅུག་པ་རེད། ཕུན་ཚོགས་ཀྱིས་མི་དེ་བས་མང་བ་ཞིག་གིས་ངས་བཟོས་པའི་བོད་གོས་གྱོན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུ་རྒྱུའི་རེ་བ་ཡོད་ཞེས་བཤད།