སྐད་འཕྲིན་སྟེང་འདི་གཉིས་ཤར་ཚེ་དེ་མ་ཐག་མཚམས་འཇོག་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-29   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

        ཁྱོད་ཀྱིས་སྐད་འཕྲིན་ནང་དུ་ཕན་ཚུན་ལ་དངུལ་གཏོང་སྤྲོད་སྐབས། གལ་ཏེ་ཁྱོད་ཀྱི་ཁ་པར་ནང་མིག་སྔའི་གཏོང་སྤྲོད་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། སྐར་མ15ཅན་འདི་ནི་གནད་འགག་གི་སྐབས་ཡིན་ཞེས་པ་འདི་ཤར་ཚེ་མཉམ་འཇོག་བྱ་དགོས།

        ངེས་པར་དུ་ཉེན་ཁའི་དྲན་སྐུལ་ལ་མཉམ་འཇོག་བྱས་ནས་གཞན་གྱི་གཡོ་འོག་ཏུ་ཚུད་མི་རུང་།

        ཁ་བསླུས་རྒྱག་པའི་བྱ་སྤྱོད་ཀྱིས་གནོད་འཚེ་ཕོག་མཁན་ལ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པ་བྱ་ཆེད། སྐད་འཕྲིན་བརྒྱུད་དངུལ་སྤྲོད་པའི་ཐད་བདེ་འཇགས་ཚོད་འཛིན་མ་ལག་འཛུགས་དགོས།

        དངུལ་སྤྲོད་པའི་བརྒྱུད་རིམ་ཁྲོད། མ་ལག་གིས་དངུལ་ལེན་མཁན་ཕྱོགས་ལ་གནད་དོན་ཡོད་ཚེ་སྐད་འཕྲིན་གྱིས་ཉེན་ཁའི་ཚད་ལ་གཞིགས་ནས་སྤྱོད་མཁན་ལ་ཉོ་ཚོང་གི་ཉེན་ཁ་དྲན་སྐུལ་བྱེད་པའམ་ཡང་ན་བཀག་འགོག་བྱེད་ཀྱི་ཡོད།

        མ་ལག་གིས་དངུལ་ལེན་མཁན་ཕྱོགས་ཀྱི་སྐད་འཕྲིན་དེ་མགོ་སྐོར་སྒྲིག་འགལ་དང་འབྲེལ་བ་ཡོད་པའམ་ཡང་ན་མགོ་སྐོར་གྱི་ཚད་གཞི་ཅུང་ཆེ་སྐབས་སྐད་འཕྲིན་གྱིས་ཉོ་ཚོང་ལ་བཀག་འགོག་དང་སྲུང་སྐྱོང་བྱས་ནས་སྤྱོད་མཁན་ལ་མ་དངུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ནས་དངུལ་སྤྲོད་མཁན་ལ་སྐར་མ15ཡི་རིང་གི་སྲུང་སྐྱོང་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།

        དེ་ཡང་གསལ་པོར་བཤད་ན། དངུལ་གཏོང་སྤྲོད་སྐབས་ངོས་འདི་གཉིས་བྱུང་ཚེ་ངེས་པར་དུ་གཟབ་གཟབ་བྱེད་དགོས།

        སྐད་འཕྲིན་ཚོགས་པས་ཁྱོད་ལ་གོང་གི་འདི་ལྟ་བུའི་ཉེན་ཁའི་དྲན་སྐུལ་དང་ཡང་ན་བཀག་འགོག་སྐབས་གཡོ་འོག་ཏུ་ཚུད་ཡོད་པ་གདོན་མི་ཟ། དེ་བས་སྐར་མ་བཅོ་ལྔའི་ནང“དངུལ་གཏོང་སྤྲོད་སྐབས་ཀྱི་བསམ་གཞིགས”ཁྲོད་ཁྱོད་ཀྱིས་ངེས་པར་དུ་དངུལ་ལེན་མཁན་གྱི་ཐོབ་ཐང་ལ་རྒྱུས་ལོན་གསལ་བོ་བྱ་དགོས།