ཉིན་འདི་དག་ཟླ་འོད་ཐང་ཆེན་དུ་གླུ་གར་གྱི་གསོལ་སྟོན་ཞིག་བཤམས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པ་ནས་བཟུང་།  བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དངོས་མིན་གླུ་གར་རྒྱུན་རྣམ་ཅན་འཁྲབ་སྟོན་རུ་ཁག་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འཁྲབ་སྟོན་བྱེད་བཞིན་ཡོད་པས།  གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

        ཉེ་བའི་ལོ་ཤས་རིང་། རིག་གནས་ཀྱིས་ཁུལ་དར་བ་བྱེད་ཞེས་པའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་རིམ་པའི་བདེ་ཆེན་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ།  སེམས་ཀྱི་ཉི་ཟླའི་སྤུས་རྟགས་མཐོར་གཏོང་རྒྱུར་རོགས་རམ་བྱེད་པའི་ཆེད་དུ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག   རང་ཁུལ་གྱིས་ཕ་ཡུལ་དྲན་གདུང་འཚོལ་ཏེ་ཡུལ་སྐད་ཕྱིར་དྲན་བྱེད་ཅེས་བརྗོད་བྱ་གཙོ་བོར་བྱེད་པའི་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ།  བོད་རིགས་དང་འཇང་རིགས།  ལི་སུའུ་རིགས་སོགས་ཀྱི་འཁྲབ་སྟོན་རུ་ཁག་10ཡིས་རེས་མོས་འཁྲབ་སྟོན་བྱས་ནས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་གླུ་གར་རིག་གནས་འགྲེམས་སྟོན་བྱེད་ཡོད་ལ།  འཛམ་གླིང་གི་སེམས་ཀྱི་ཉི་ཟླ་བཞེངས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།

        བདེ་ཆེན་གྱི་དམངས་ཁྲོད་གླུ་གར་ནི་རྒྱལ་ཐང་སྐོར་བྲོ་དང་ཉི་ཤར་བྱམས་གླུ།ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ  འཇང་རིགས་ཀྱི་ཨ་ལི་ལི་སོགས་མ་ཚད་ད་དུང་མང་པོ་ཡོད།  སྐུ་ཉིད་ཁོམ་པ་ཡོད་ན་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་ལྟད་མོ་བལྟ་ཤོག་ཨ།