ཞག་རྩི་ཇེ་ཉུང་གཏོང་ཐུབ་པའི་ཟས་རིགས་བརྒྱད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-27   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

ཀྲོ་མ་ཀྲུ།

        ཀྲོ་མ་ཀྲུ་ཆེ་བ་དང་ཆུང་བ་གང་ཡིན་རུང་། དེའི་འཚོ་བཅུད་ཕལ་ཆེར་འདྲ་པོ་ཡིན། ཀྲོ་མ་ཀྲུ་ལ་འཚོ་བཅུད་Cའདུས་ཡོད་པས། ཤ་ཚོན་པོ་ཟོས་རྗེས། གལ་སྲིད་ཀྲོ་མ་ཀྲུ་འོས་འཚམ་རེ་བཟས་ན། ཕོ་བ་དང་རྒྱུ་མའི་ཞག་རྩི་གཙང་སེལ་བྱེད་ཐུབ་པར་མ་ཟད། དཔྱིད་འགོར་ཆམ་པ་ན་བར་སྔོན་འགོག་བྱ་ཐུབ།

རྡོ་ཀུ་བ།

        རྡོ་ཀུ་བ་ལ་བཟའ་བཅའི་ཚི་སྣ་མོད་པོ་འདུས་ཡོད་པ་དང་ཚ་ཚད་ཉུང་བ་མ་ཟད། ཁ་ལ་འཇམ་ཞིང་བསིལ་བའི་རང་བཞིན་ལྡན་པས། ཤ་ཇེ་ཞན་གཏོང་བ་དང་ཞག་རྩི་ཇེ་ཉུང་གཏོང་བ་ལ་ཤིན་ཏུ་འཚམ།

ཀུ་ཤུ།

        གཏམ་དཔེ་ལ། ཉིན་རེར་ཀུ་ཤུ་རྡོག་རེ་ཟས་པ་ན། གཏན་དུ་སྨན་པའི་འགྲམ་དུ་འགྲོ་མི་དགོས་ཟེར་བ་ལྟར། ལྷག་པར་དུ་དཔྱིད་ཀ་སླེབས་དུས། དུས་ཆེན་སྐབས་ལ་ཟོས་པའི་ཤ་ཚོན་པོས་རྒྱུ་མ་དང་ཕོ་བ་ལ་དཀའ་ཁག་མང་པོ་སྤྲད་ཀྱི་ཡོད་པས། ཀུ་ཤུའི་ཁྲོད་དུ་ཡོད་པའི་ཤིང་ཏོག་གི་ཚི་སྣ་ལ་ཞག་རྩི་ཇེ་ཉུང་གཏོང་བའི་ཕན་ནུས་ཡོད།

སྐྱུ་རུ།

        སྐྱུ་རུའི་ཁྲོད་དུ་འཚོ་བཅུད་Cདང་ཤིང་ཏོག་གི་ཚི་སྣ(ཆུར་ཞུ་རང་བཞིན་གྱི་ཚི་སྣ་རྒྱུ)མོད་པོ་འདུས་ཡོད་པས། ཞག་རྩི་ཇེ་ཉུང་གཏོང་པའི་ནུས་པ་ཤིན་ཏུ་ཆེ།

ཡུག་པོ།

        ཡུག་པོ་ལ་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་མོད་པོ་ལྡན་པར་མ་ཟད། Bརིགས་ཀྱི་འཚོ་བཅུད་དང་ཀལ། ལིན། ལྕགས་བཅས་མོད་པོ་འདུས་ཡོད། ཡུག་པོ་ནི་ཚི་སྣ་རྩིང་པོའི་ཟས་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། བཟའ་བཅའ་གཙོ་བོ་འབྲས་དཀར་གྱི་ཚབ་བྱེད་ཆོག་པ་དང་། ཤ་ཚོན་པོ་ཟོས་རྗེས། དྲོ་བ་ཞིམ་པའི་ཡུག་པོའི་ཐུག་པ་ཕོར་གོང་འཐུང་ན། རྒྱུ་མ་ལ་ཕན་ཞིང་བཤང་གཅི་གཏོང་བར་ཕན་པ་ཆེ།

ལྕ་ཚལ།

ལྕ་ཚལ་ལ་བཟའ་བཅའི་ཚི་སྣ་མོད་པོ་ལྡན་པས། ཟ་མ་མི་འཇུ་བའི་སྐབས་སུ། རྒྱུ་མའི་ནུར་འགུལ་ལ་སྐུལ་འདེད་བྱས་ནས། བཤང་གཅི་གཏོང་ཐུབ་པར་ནུས་པ་ཆེན་པོ་ལྡན། ལྕ་ཚལ་ཤ་མེད་བརྔོས་ན་ཤིན་ཏུ་ལེགས། དེས་ཚད་ངེས་ཅན་གྱིས་ལྕ་ཚལ་གྱི་སྔར་གྱི་བྲོ་བ་དང་འཚོ་བཅུད་སྲུང་འཛིན་བྱེད་ཐུབ་ལ། ཁ་ལ་འཇལ་ཞིང་ཞིམ་པ་དང་། ཟས་འཇུ་བ་དང་ཞག་རྩི་ཇེ་ཉུང་གཏོང་བར་ལ་ཕན་པ་ཆེན་པོ་ལྡན།

ལེ་མོན་ཆུ།

        ལེ་མོན་ཆུ་ལ་འཚོ་བཅུད་མོད་པོ་ལྡན་པས། ལེ་མོན་ལེབ་མོར་གཏུབ་རྗེས་ཆུ་ལ་སྦོངས་ནས་འཐུང་ཆུ་མངར་མོ་འདྲ་མིན་གྱི་ཚབ་བྱས་ན། མངར་སྐྱུར་འདྲེས་ཤིང་། ཟས་འཇུ་བ་དང་ཞག་རྩི་ཇེ་ཉུང་གཏོང་བའི་ནུས་པ་ལྡན།

མ་རྨོས་ལོ་ཏོག །

        མ་རྨོས་ལོ་ཏོག་ལ་ཚི་སྣ་རྩིང་པོ་མོད་པོ་ལྡན་པས། དེས་ཕོ་བ་དང་རྒྱུ་མའི་ལྡེབས་ངོས་ལ་ཤུགས་རྐྱེན་ཐེབས་ནས། བཤང་གཅི་དང་རྒྱུ་མའི་ནང་གི་རྙིང་ཚབ་གསར་བརྗེའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ། །