དྲོད་རླངས་མཁོ་འདོན་གྱིས་སྐྱེ་ཁམས་ལེགས་སྲུང་དང་དམངས་སེམས་དྲོ་བར་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་དྲོད་རླངས་དུད་དུ་ཞུགས་པའི་ལས་གྲྭ་ལག་བསྟར་བྱེད་དེ།  སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་སློབ་གྲྭ་དང་ལས་ཁུངས།  སྡེ་ཚན་དང་དེ་བཞིན་གཞིས་ཁུལ་མང་ཆེ་བར་གཅིག་སྡུད་ཀྱིས་དྲོད་རླངས་མཁོ་འདོན་བྱས་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ་མང་ཚོགས་ཀྱི་ལུས་སེམས་ལ་དྲོ་སྐྱིད་སྦྱིན་ཡོད་པ་རེད།

        མིག་སྔའི་བར་དུ།  སེམས་ཀྱི་ཉི་ཟླ་ཁོངས་ཁུལ་དུ་ཁྱོན་དྲོད་འདོན་ས་ཚིགས་24ཡོད་པ་དང་ཕྱི་དྲ་འཛུགས་སྐྲུན་ཆ་ཚང་ལེགས་གྲུབ་བྱུང་ཡོད་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་སྲིད་འཛིན་ལས་དོན་སྡེ་ཚན་96དང་གྲོང་ཁུལ་གྱི་གྲོང་མི་དུད་ཚང་8325བཅས་ལ་ཁང་པའི་ནང་གི་དྲོད་འདོན་སྒྲིག་ཆས་སྒྲིག་སྦྱོར་ལེགས་གྲུབ་བྱས་ཡོད་པ་རེད།   འཇོལ་རྫོང་ཁོངས་ཁུལ་གྱི་དྲོད་འདོན་ས་ཚིགས་ས་ལས་ཆ་ཤས་དང་སྒྲིག་ཆས་སྒྲིག་སྦྱོར་ཚོད་ལྟ་ལས་ཀ་བཅས་ལེགས་གྲུབ་བྱུང་ཡོད་ལ་2021ལོའི་ཟླ་3པའི་ཚེས་10ཉིན་ནས་བཟུང་རྫོང་ཁུལ་གྱི་ས་ཁོངས་ཁ་ཤས་ལ་དྲོད་རླངས་མཁོ་འདོན་བྱས་ཡོད།  འབའ་ལུང་རྫོང་ཁོངས་ཁུལ་དུ་དྲོད་འདོན་སྦུག་དྲ་གཙོ་བོ་སྤྱི་ལེ་18འདིང་ཡོད་པ་དང་སྦུག་དྲ་ཐེངས་གཉིས་པ་སྤྱི་ལེ་46འདི་ཡོད་ལ།  དྲོད་འདོན་སྦུག་དྲ་ཁེབས་ཁྱོན་སྨི་གྲུ་བཞི་མ་ཁྲི65ཟིན་ཡོད།  གསར་སྤེལ་ཆུས་ཁོངས་ཁུལ་དུ་དྲོད་འདོན་སྦུག་དྲ་གཙོ་བོ་སྨི་15000་དང་དྲོད་འདོན་སྦུག་དྲ་གཉིས་པ་སྨི་7200འདིང་ཡོད་པ་དང་སྒྲིག་ཆས་སྒྲིག་སྦྱོར་ལས་ཀ་ལེགས་གྲུབ་བྱུང་ཡོད་པ་རེད།

        རང་ཁུལ་གྱི་དྲོད་རླངས་དུད་དུ་ཞུགས་ཞེས་པའི་དྲོད་འདོན་རྣམ་གྲངས་བདེ་བླག་ངང་འཁོར་སྐྱོད་བྱས་ནས་སྐྱེ་ཁམས་གཏོར་བརླག་ཉུང་དུ་གཏོང་ཡོད།  མིག་སྔར་རང་ཁུལ་གྱི་དྲོད་འདོན་ནུས་པ་རྒྱ་ཁྱོན་སྨི་གྲུ་བཞི་མ་500ཟིན་ཡོད་པ་དང་དོན་དངོས་ཀྱི་དྲོད་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་150ཟིན་ཡོད་པ་རེད།