༢༠༢༢ལོའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དངོས་སུ་འགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-27   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

        2022ལོའི“ཐེན་ཡིའུ་ཏེ་རྟགས་མའི”རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས21པ་ཟླ7པའི་ཚེས26ནས་ཟླ8པའི་ཚེས3ཉིན་བར་བསྡུ་རྒྱུ་ཡིན་ཅིང་། ཁྱོན་བསྡོམས་འགྲན་ཁུལ8དང་སྤྱིའི་ལམ་ཐག་ལ་སྤྱི་ལེ1488ཡོད།

        ད་ལོར། རྒྱལ་ནང་གི་འགྲན་ཞུགས་རུ་ཁག21ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་ཏེ། རྩལ་ནུས་དང་ལུས་རྩལ་གྱི་གསོན་ཉམས་ཀྱིས་ཁེངས་པའི་འགྲེམ་སྟོན་གྱིས། མཚོ་སྔོན་གྱི་དམངས་ཡོངས་ཀྱི་ལུས་རྩལ་ལས་དོན་དབྱར་མཚོ་ལྟར་རྒྱས་པར་སྐུལ་པའི་དུས་རབས་ཀྱི་འབོད་བརྡ་གསལ་ལྷང་ངེར་དཀྲོལ།

        འགྲན་ཁུལ་རྒྱུ་གནས་ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་ཚལ་རྔ་འགག མཚོ་སྔོན་པོ་བཅས་ཡུལ་སྐོར་ལྗོངས་ཁུལ་ཡིན་ཅིང་། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚིགས་ཀྱི་ཁྱད་འཕགས་དགེ་མཚན་མངོན་ཐུབ་པ་དང་། ལམ་བར་དུ་གསེར་ཆེན་གྱི་འོད་ནུས་ཐོན་ལས་གླིང་ཁུལ་དང་ཚྭ་ཁའི་ལྗོངས་ཁུལ། དབུས་ཚྭ་མཚོ་སོགས་བརྒྱུད་དགོས་ལ། མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མདུན་ལྗོངས་གསར་པ་བསྐྲུན་པར་དྲིལ་སྒྲོག་གི་ནུས་པ་གལ་ཆེན་གདོན་ཐུབ། ཁྱད་འཕགས་ཀྱི་ས་གཤིས་དང་རྔམ་བརྗིད་ཀྱིས་ཁེངས་པའི་མཐོ་སྒང་གི་སྣང་བརྙན། ལྷད་མེད་སྐྱེས་ལྡན་གྱི་ཁྱད་ལྡན་ཐོན་ཁུངས་ལས། མཚོ་སྔོན་གྱི་ལྷད་མེད་སྐྱེས་ལྡན་ཞིང་ཕྱུགས་ཐོན་ལས་ཀྱི་ཐོན་ཁུངས་གསར་བསྐྲུན་བྱས་ཡོད་པ་འདོན་སྤེལ་བྱ་ཐུབ་བོ། །