མཛོད་དགེ་རུ་རྩྭ་ཐང་བྱེ་འགྱུར་བྱེ་འགོག་ལས་དོན་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-26   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་ལྔ་པའི་ཟླ་མཇུག་ནས་བཟུང་། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཡུལ་མིས་ས་གནས་དེ་གའི་སྲིད་གཞུང་གི་རྩ་འཛུགས་འོག ཆར་ཆུ་འབབ་པའི་དུས་ཚིགས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་རྩྭ་ཐང་དུ་བྱེ་འགོག་བྱེ་བཅོས་ལས་དོན་སྤེལ་བ་རེད།    

        ཉེ་བའི་ལོ་ཤས་རིང་། སི་ཁྲོན་ནུབ་བྱང་ས་མཐོར་གནས་པའི་མཛོད་དགེ་རྩྭ་ཐང་དུ་རྩྭ་ཐང་བྱེ་འགྱུར་གནད་དོན་ལ་དམིགས་ནས་ཕྱུགས་བཀག་པ་དང་ཆབས་ཅིག་ཏུ་“ས་མཐོའི་ལྕུག་ཕྲན་གྱི་བྱེ་མ་འགོག་བྱེད་དྲ་མིག + སྡོང་ཕྲན་དང་རྩྭ་མཉམ་འདེབས་”ཀྱི་བྱེ་བཅོས་རྣམ་པ་སྤྱད་དེ། རྩྭ་ཐང་ཞན་འགྱུར་སླར་གསོ་དང་ལེགས་གཏོང་ལས་གྲྭ་ལག་ལེན་བསྟར་བ་དང་། ཡུལ་བབ་དང་བསྟུན་ནས་སྡོང་རྩྭ་ཟུང་འབྲེལ་གྱི་འགོག་སྲུང་ནགས་ཚལ་མ་ལག་བཙུགས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་བཀག་འགོག་བྱས་པ་རེད།