2022ལོའི་གཙང་བོའི་ཆུ་མགོའི་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-25   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ། 

ཟླ7པའི་ཚེས24ཉིན། འབྲི་ཆུའི་ཚན་རིག་ཁང་གི་ཚན་རིག་རྟོག་ཞིབ་རུ་མིས་རྫ་ཆུའི་མགོ་ཁུངས་ཁུལ་གྱི་རྫ་སྟོད་དུ་ཆུ་སྐྱེས་སྐྱེ་དངོས་ཀྱི་མ་དཔེ་འཚོལ་བསྡུ་བྱེད་བཞིན་པ།

        ཟླ7པའི་ཚེས24ཉིན། 2022ལོའི་གཙང་བོའི་ཆུ་མགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་མགོ་ཚུགས། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་དེ་འབྲི་ཆུའི་ཆུ་མགོ་དང་རྫ་ཆུའི་ཆུ་མགོའི་ས་ཁུལ་དུ་གནས་གཏན་འཁེལ་གྱིས་བརྟག་དཔྱད་བྱ་རྒྱུ་ཡིན་ཞིང་། དེའི་ནང་འཁྱག་དར་གསོག་བྱེད་ཚད་དང་འདམ་རའི་ཐཱན་གསོག་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ནི་ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱི་གཙོ་གནད་རེད།

        2022ལོའི་འབྲི་ཆུའི་ཆུ་མགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ནི་འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུའི་ཚན་རིག་ཁང་གིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་འབྲི་ཆུའི་ལག་རྩལ་དཔལ་འབྱོར་སློབ་ཚོགས། འབྲི་ཆུའི་ཤེས་དཔལ་ཁང་སོགས་ལས་ཁུངས་ལ་མཉམ་འབྲེལ་སྒོས། འབྲི་ཆུའི་དངོས་གཞི་ཆུ་མགོ་སྟེ་ཐོག་ཐོན་གཙང་པོ་དང་། ལྷོ་རྒྱུད་མགོ་ཁུངས་འདམ་ཆུ། བྱང་རྒྱུད་ཀྱི་མགོ་ཁུངས་ཆུ་དམར་ཆུ། རྫ་ཆུའི་ཆུ་མགོ་བཅས་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སོགས་ལ་ཚན་རིག་རྟོག་ཞིབ་བྱ་རྒྱུ་དང་། རྟོག་ཞིབ་ནང་དོན་ལ་འཁྱགས་རོམ་དང་ཆུ་བོའི་ཆུ་དཔྱད། བྱེ་འདམ། ཆུ་རྒྱུད་ཀྱི་ཆུ་ཤུགས། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ས་ཆུ་ནུས་པ་ཤོར་བ། ས་འཁྱགས། ས་དབྱིབས་ས་གཤིས་སོགས་འདུས་ཡོད།  །