བདེ་ཆེན་མཐོ་སྒང་གི་སྐར་མ་འོད་ཆེན། མཐའ་ཆུ་གྲོང་རྡལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནི་འཕྲེད་རྒྱུག་རི་རྒྱུད་རོང་ཁུལ་དུ་གནས་པ་དང་།འཛམ་གླིང་རང་བྱུང་ཤུལ་བཞགགཙང་གསུམ་མཉམ་རྒྱུགགི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་ལྟེ་བའི་ས་རྒྱུད་ཅིག་ཡིན་ལ།དེ་ནི་འབའ་ལུང་དང་།སེམས་ཀྱི་ཉི་ཟླ།འཇོལ་རྫོང་།ཡུས་ལུང་རྫོང་བཅས་ཀྱི་འགྲིམ་འགྲུལ་ལྟེ་བ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

འདུ་ཤེས་གསར་པ་དང་།ཁྱད་ལྡན་ཅན།ཚད་གཞི་མཐོ་པོབཅས་ཀྱི་འདུ་ཤེས་དང་།གྲོང་ཁྱེར་དང་གྲོང་རྡལ་གྱིས་སྣོད་བཅུད་ཡུལ་སྐོར་དང་།རིག་གནས་མྱོང་རོལ།སྤྲོ་གསེང་།ཁང་གསོ།ཚན་རིག་ཁྱབ་གདལ་དང་ཚན་རིག་རྟོག་ཞིབ་སོགས་སྣ་མང་ཡུལ་སྐོར་སྤྲོ་གསེང་གཞི་རྒྱུ་གཞི་གཅིག་ཅན་གྱི་སྣོད་བཅུད་རིག་གནས་ཉམས་ལེན་ཁུལ་བཙུགས་ནས་ཡུལ་སྐོར་བར་ཡུལ་སྐོར་གསོལ་སྟོན་གཟབ་རྒྱས་ཞིག་བཤམས་ཡོད་པ་རེད།

    མཐའ་ཆུ་གྲོང་རྡལ་ཡོངས་ཀྱིས་མཛེས་ལྗོངས་ཁུལ་དང་།སྤུས་དག་སྡོད་ཁང་།མགྲོན་ཁང་།ཁྱད་ལྡན་བཟའ་བཏུང་སོགས་ལ་བརྟེན་ནས་ཐད་ཀར་ཡུལ་སྐོར་བ་800ཙམ་ལ་སྐུལ་ཁྲིད་བྱས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1500ཟིན་ལ། གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་བཅུའི་གོང་གི་སྒོར་2000ལྷག་ཙམ་ནས་ད་ཆ་སྒོར་ཁྲི་ཡན་ཟིན་པ་རེད།

    གྲོང་གསེབ་ཡུལ་སྐོར་དེ་མཐའ་ཆུ་གྲོང་རྡལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ་གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་དང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་གཙོ་ཁྲིད་ཐོན་ལས་ཤིག་ཏུ་གྱུར་ཡོད།