རྒྱ་མ་ལྔ་བཅུ་ཅན་གྱི་གནའ་བོའི་བོད་ལྭ་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-19   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།

        བོད་རང་སྐྱོང་ལྗོངས་མངའ་རིས་སྤུ་ཧྲེང་རྫོང་དུ་དུས་ད་ལྟ་ཡང་གནའ་བོའི་བོད་ལྭ་ཞིག་ཉར་ཚགས་བྱས་ཡོད་པ་དེ་ནི། སྤུ་ཧྲེང་གི་བོད་ལྭ་ཞེས་པ་དེ་ཡིན། དུས་ད་ལྟའི་བར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པར་མ་ཟད།  དེ་ལས་ཀྱང་སྐྱེས་མའི་རྨ་བྱའི་ལྭ་བ་ནི་སྤུས་དག་ཅིང་ཐུན་མིན་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད།  མངའ་རིས་ས་ཁུལ་མཐའ་མཚམས་གྲོང་རྡལ་སྤུ་ཧྲེང་ནི་ནེ་པ་ལ་དང་འབྲེལ་མཚམས་སུ་ཆགས་ཡོད་ཅིང་།    གྲོང་རྡལ་གྱི་ཉེ་འགྲམ་དུ་གནས་པའི་འཁོར་ཆགས་གྲོང་ཚོ་ནི་ཆུ་བོ་རྨ་བྱ་ཁ་འབབ་གྱི་འགྲམ་དུ་ཆགས་ཡོད། གྲོང་ཚོ་དེའི་དུད་ཁྱིམ་བདུན་གྱིས་ལོ་ངོ་བརྒྱ་ཕྲག་མང་པོར་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སྤུ་ཧྲེང་གི་བོད་ལྭ་ཆ་༧དུས་ད་ལྟ་ཡང་ཉར་ཚགས་བྱས་ཡོད།

        ལྗིད་ཚད་ལ་རྒྱ་མ་ལྔ་བཅུ་ཡོད་པའི་ལྭ་བ་འདི་ལུས་ལ་གྱོན་ཏེ་གནའ་བོའི་བྲོ་བ་མ་ཉམས་པར་དུས་རབས་ཀྱི་ལྟེབས་བརྩེགས་ལས་དུས་ད་ལྟའི་བར་བརྒྱུད་ཡོང་པས།   རྒྱལ་སྤྱིའི་ཤོམ་ལྭ་ཡག་ཤོས་དེ་ཡང་འདི་དང་བསྡུར་ཚེ་བཀྲག་མདངས་ཡལ་བར་བྱེད།  དེའི་སྟེང་དུ་ཡོད་པའི་གནའ་བོའི་སྤོས་བྱུར་དང་མུ་ཏིག་གི་དོ་ཤལ།  ད་དུང་ཕྲེང་བསྟར་བསྒྲིགས་པའི་གཡུ་དང་བྱུ་རུ་དང་གསེར་དངུལ་སོགས་མ་བརྩིས་ཀྱང་།  ལོ་ངོ་སྟོང་ཕྲག་ལྷག་ལ་བརྒྱུད་པའི་ལོ་རྒྱུས་ཁོ་ནས་ཀྱང་བོད་ལྭ་དེའི་རིན་ཐང་ཧ་ཅང་གཞལ་དུ་མེད་པ་ར་སྤྲོད་བྱ་ཐུབ།